མཚོ་སྔོན་པོའི་བྱང་ངོས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་ཆུ་ཚན་དུ་རླངས་པ་ལོང་ལོང་འཕྱུར་ཞིང་། བལྟས་པ་ཙམ་གྱིས་འཐུང་འདོད་པ་ཞིག་ཡིན། ཆུ་ཚན་འདི་ནི་དུས་བཞི་པོར་ལྷོག་ལྷོག་འཕྱུར་ཞིང་། ཆུ་དྭངས་ཞིང་གསལ་བ། དྲོད་ཚད་ཏུའུ་57དང་60བར་ཟིན་གྱི་ཡོད། ཆུ་མིག་ནང་དུ་ཀལ་ལིས་ཟི་སོགས་གཞི་རྒྱུ་ཕྲ་མོ་མང་པོ་འདུས་ཤིང་། བཏུང་ཆོག་ལ་ལུས་པོ་ཡང་ཁྲུས་ཆོག
ཆུ་ཚན་དེ་ལ་ཆུ་མིག་དགུ་ཡོད་ཅིང་། ལ་ལ་ནི་དྭངས་ཤིང་གསལ་བ་དངུལ་གྱི་མེ་ལོང་དང་འདྲ་ཞིང་། ལ་ལ་ལྷོག་ལྷོག་གདུ་བ་ནང་བཞིན། ལ་ལར་ཀལ་འགྱུར་རྫས་དག་ཆུ་མིག་འགྲམ་དུ་དེད་ནས་མཐའ་རྒྱན་སེར་པོ་ལྟར་གྱུར་འདུག དེ་བས་ཀྱང་ངོ་མཚར་ཆེ་བ་ཞིག་ནི་ཕ་བོང་ཆེན་པོ་ཞིག་སྟེང་གདོལ་བའི་ཆུ་མིག་དེ་རེད། ཆུ་ཚ་པོ་སྒོར་སྒོར་གྱིས་ཁྲུས་རྫིང་དུ་འབབ་པ་ནི་ལྷ་ཚོགས་ཀྱིས་“རྡོ་ཟངས་”ཆེན་པོའི་ནང་ཟས་རིགས་སྣ་ཚོགས་ལ་རོལ་བ་དང་མཚུངས།