ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་ཕུག་ལམ་སྨི་ཁྲི7ལྷག་ཕུག་ཐུབ་ཡོད།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-12



   སྤྱི་ཟླ10པའི་ཚེས10ཉིན།གསར་འགོད་པས་སི་ཁྲོན་གཞུང་ལམ་ཚོགས་པ་ལྕགས་ཟམ་ཁ་དང་སྲིབ་སྨད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་ལས་གཞི་ལམ་ཐིག་ཧྲིལ་པོའི་འཛུགས་སྐྲུན་པ3900ཡིས་སྤྱི་ཟླ10པའི་གཟའ་འཁོར་བཟང་ཤོས་རིང་གི་དུས་ཚོད་དམ་འཛིན་བྱས་ཏེ་ཕུག་ལམ་སྨི770.9ཕུག་ཐུབ་པ་དང་། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་སྨི་ཁྲི7ལས་བརྒལ་བ་ཕུག་ཐུབ་ཡོད།


 

   ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ནི“9·5”ཡི་ས་འགུལ་ལྟེ་གནས་ཀྱི་ཉེ་འགྲམ་དུ་ཡོད་ཅིང་། ས་འགུལ་གྱིས་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པས།ལོ་འཁོར་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱ་ཆེད། ལྕགས་ཟམ་ཁ་དང་སྲིབ་སྨད་སྤྱི་གཉེར་ཁང་གིས་ཨར་ལས་དང་ཐོན་སྐྱེད་བསྐྱར་གསོ་ལས་འགོ་བཙུགས་པའི་ལས་ཀར་དམ་འཛིན་བྱས་ཏེ།ནུས་ཤུགས་ཡོད་རྒུས་ས་འགུལ་དང་རིམས་ཚུལ།དྲོད་ཚད་མཐོ་བ་སོགས་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཤིང་།ཡང་བསྐྱར་ལས་ཡུན་བཀོད་སྒྲིག་བྱས་པ་དང་།“ཟམ་གཅིག་ཇུས་གཅིག་དང་ཕུག་གཅིག་ཇུས་གཅིག”གི་བྱ་ཐབས་སྤྱད་ནས་གཙོ་གནད་ལས་ཀ་ཉིན་རེར་གནས་ཚུལ་ཞུ་བའི་ལམ་ལུགས་ལག་བསྟར་བྱས་པ་དང་།མྱུར་ཚད་འགག་ཚུགས་དང་བསྡུ་བཤིག་ལས་ཀའི་སྐུལ་སྤེལ་གནས་ཚུལ་གཟའ་འཁོར་རེར་ཡར་ཞུའི་ལམ་ལུགས་ཁྱབ་སྤེལ་བཏང་སྟེ། དཀའ་གནད་སྤྱི་འདོམས་ཐག་གཅོད་བྱས་ཤིང་།མྱུར་ཚད་དམ་འཛིན་བྱས་པ་དང་ཆབས་ཅིག།ལས་ཀའི་སྤུས་ཚད་དང་ཁོར་ཡུག་སྲུང་སྐྱོང་།རིམས་ཚུལ་འགོག་ཟོན་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱས་པ་རེད།

 



    ཏ་ཀང་རི་བོའི་ཕུག་ལམ་དེ་དཀའ་ཚེགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། ས་འགུལ་གྱི་ཤུགས་རྐྱེན་ཐེབས་ནས་ཡུལ་དངོས་སུ་འགྲོ་སའི་སྟབས་བདེ་འགྲོ་ལམ་དང་གློག་ཤུགས་སྐུད་ལམ་ལ་གནོད་སྐྱོན་ཕོག་པས།ལས་གཞི་འཛུགས་སྐྲུན་ནང་གི“ཟུར་ལུས”སུ་གྱུར་བ་རེད།ལས་གཞིར་སྐུལ་འདེད་དོ་སྙོམས་བྱ་ཆེད། ལྕགས་ཟམ་ཁ་ནས་སྲིབ་སྨད་སྤྱི་གཉེར་ཁང་གིས་ཨར་ལས་དང་ཐོན་སྐྱེད་བསྐྱར་གསོ་བྱེད་སྟངས་ཀྱི་འཆར་གཞི་ལ་དམིགས་ཏེ།ཆུ་ཐོག་གི་བགྲོད་ལམ་ཤར་གཏོང་ཐུབ་པ་དང་།མི་སྣ་དང་རྒྱུ་ཆ།འཕྲུལ་ཆས་སྒྲིག་ཆས་སོགས་ཀྱི་སྐྱེལ་འདྲེན་འགན་ལེན་བྱེད་པ་དང་།མངོན་མེད་རྐྱེན་ངན་ཚགས་བཤེར་དོན་འཁྱོལ་བྱེད་པ།བརྒྱུད་རིམ་དོ་དམ་ནན་པོ་བཅས་བྱས་པ་རེད། སྤྱི་ཟླ10པའི་ཚེས2ཉིན་ཏ་ཀང་རི་བོའི་ཕུག་ལམ་འཛུལ་སྒོའི་གཡས་ཕྱོགས་ཀྱི་ཕུག་ལམ་བདེ་བླག་ངང་ཨར་ལས་དང་ཐོན་སྐྱེད་བསྐྱར་གསོ་བྱས་ཏེ། མིག་སྔར་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་དུམ་བུ10ཡི་ལས་ཀ་བསྐྱར་གསོ་བྱེད་ཚད་བརྒྱ་ཆ100ལ་ཟིན་པ་དང་།ཨར་ལས་དང་ཐོན་སྐྱེད་བསྐྱར་གསོ་ས་ཚུགས105ལ་ཟིན་པས།ལས་ཀའི་ས་ཚུགས་ཡོངས་ཀྱི་བརྒྱ་ཆ95བཟུང་ཡོད་པ་རེད།། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1