2013ལོ་ནས་བཟུང་། དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ཐད་ལ་མ་དངུལ་སྒོར་དུང་ཕྱུར་1104.83བཏང་ཡོད། ལོ་9བསྟུད་མར་འགྲིམ་འགྲུལ་ཐད་ལ་མ་དངུལ་སྒོར་དུང་ཕྱུར་100རེ་བཏང་ཡོད།
ལོ་བཅུའི་རིང་། གཡག་མདོ་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཡོད། དར་མདོ་གྲོང་ཁྱེར་བརྒྱུད་ཡུལ་གྱི་མྱུར་བགྲོད་གཞུང་ལམ་དང་། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་མགྱོགས་པ་སྐྲུན་སྒང་ཡིན།
ལོ་བཅུའི་རིང་། རིམ་པ་གསུམ་པ་ཡན་གྱི་གཞུང་ལམ་སྤྱི་ལེ་4480བསྐྲུན་ཡོད། གཞུང་ལམ་སྤྱི་ལེ་1200རིམ་སྤར་བསྒྱུར་བཀོད་བྱེད་བཞིན་ཡོད།
ལོ་བཅུའི་རིང་། མཁའ་ལམ་ལ་བརྟེན་ནས་དཀར་མཛེས་ཁུལ་རྒྱལ་ཡོངས་དང་སྦྲེལ་ཡོད་ལ། དཀར་མཛེས་ཁུལ་ལ་དར་མདོའི་གནམ་གྲུ་ཐང་དང་། འདབ་པའི་ཉི་སྟེན་གནམ་གྲུ་ཐང་། གེ་སར་གནམ་གྲུ་ཐང་བཅས་ཡོད་པས། དཀར་མཛེས་ཁུལ་དེ་རྒྱལ་ཡོངས་སུ་མཚོ་འཕགས་སྨི་4000ཡན་གྱི་གནམ་ཐང་3ཡོད་པའི་རང་སྐྱོང་ཁུལ་ཁོ་ནར་གྱུར་ཡོད།
ལོ་བཅུའི་རིང་། དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། 2021ལོའི་ལོ་མཇུག་ཏུ་གཞུང་ལམ་དཀྱུས་མ་སྤྱི་ལེ་32985རུ་རླངས་འཁོར་ཤར་གཏོང་ཐུབ་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
འབྱུང་འགྱུར་ལ་དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་འགག་སྒྲོལ་ཆེན་པོ་རེས་གསར་པར་སྐུལ་འདེད་གཏང་བ་དང་། འཕྲེད་ཕྱོགས་སུ་ལམ་ལྔ་དང་གཞུང་ཕྱོགས་སུ་ལམ་ལྔ། ལྕགས་ལམ་གཉིས་དང་། མྱུར་བགྲོད་གཞུང་ལམ་གསུམ། གནམ་ཐང་བཞི་བསྐྲུན་རྒྱུ་རེད། །