འདས་པའི་ལོ་བཅུའི་རིང་། དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བཞག་ཡོད། རྒྱང་སྐྱོད་གསར་པར་ཁམས་ཀྱི་ས་གཞི་ཆེན་མོར་སྔ་འཛིན་ཕྱིར་གཏོད་ཀྱིས་ལེའུ་གསར་པ་བྲི་དགོས།
དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་པ་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་བར་དཀར་མཛེས་ཁུལ་གྱི་ཞིང་ལས་སྟོབས་དང་ལྡན་ཞིང་། ཞིང་སྡེ་མཛེས་སྡུག་ལྡན་ལ། ཞིང་པ་འབྱོར་ཕྱུག་ལྡན་པ་སྟེ་ཞིང་གསུམ་དང་འབྲེལ་བའི་འཐབ་ཕྱོགས་ཁོངས་གཏོགས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་ལས་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
ལོ་བཅུའི་རིང་། རང་ཁུལ་གྱི་འབྲུ་རིགས་འདེབས་ཁྱོན་ལོ་ལྟར་མུའུ་ས་ཡ་གཅིག་ཡན་ཡིན་ཞིང་། ཚད་གཞི་མཐོན་པོའི་ཞིང་ར་མུའུ་བཞི་འབུམ་དགུ་ཁྲི་བདུན་སྟོང་བདུན་བརྒྱ་ལ་ཟིན་ཡོད། འབྲི་ཉག་རྒྱལ་གསུམ་རྒྱུད་ངོགས་སུ་དེང་རབས་ཞིང་ལས་ཐོན་ལས་ཁུལ་མུའུ་བརྒྱད་འབུམ་གསུམ་ཁྲི་ལྷག་བསྐྲུན་ཡོད། དེང་རབས་ཞིང་ལས་གླིང་ཁུལ41བཙུགས་ཡོད། ནོར་གནག་ཐོན་ལས་དར་སྤེལ་ཤུགས་ཆེན་སོང་ཡོད།
ལོ་བཅུའི་རིང་། རང་ཁུལ་གྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ཤུགས་ཆེན་བྱས་ཏེ། 2012ལོ་དང་བསྡུར་ན་ཞིང་པའི་མཉམ་ལས་ཁང3724མང་དུ་སོང་ཡོད། ཞིང་སྡེའི་གསང་སྤྱོད་ཁང2012ལོ་ལས་བརྒྱ་ཆའི་གྲངས38འཕར་ཡོད། ཞིང་སྡེའི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱུང་ཡོད། ནས་ཀྱི་ཐོན་ཚད2012ལོའི་མུའུ་རེ་ལ་སྤྱི་རྒྱ178ནས2021ལོའི་མུའུ་རེ་ལ་སྤྱི་རྒྱ193བར་འཕར་ཡོད། ལོ་ཏོག་རྨོ་འདེབས་བསྡུ་སོགས་ཕྱོགས་འདུས་འཕྲུལ་ཆས་ཅན་གྱི་བསྡུར་ཚད2012ལོ་ལས་བརྒྱ་ཆའི་གྲངས24.61འཕར་ཡོད།
མ་འོངས་པར་ཕྱོགས་དུས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་རིམ་ལ་ཐོན་ལས་འབྲེལ་ཐག་ཐེར་འབུམ་གཅིག་རིམ་པ3དང་དུང་ཕྱུར་གཅིག་རིམ་པ8དང་། བྱེ་བ་རིམ་པ2བཅས་གསར་དུ་བསྐྲུན་རྒྱུ། །