ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་སྙན་ཞུར་སློབ་སྦྱོང་གྲོས་བསྡུར་བྱས། ཀྲང་ཆིང་ལི། ཝང་ཞའོ་ཧུའེ། ཧོང་ཆང་བཅས་ཚོགས་འདུར་
ཞུགས་པར་མ་ཟད་གསུང་བཤད་གནང་།
སྤྱི་ཟླ་10པའི་ཚེས་16ཉིན་གྱི་ཕྱི་དྲོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་བཅའ་སྡོད་བྱེད་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་སྙན་ཞུ་ལ་གཅིག་སྡུད་ཐོག་སློབ་སྦྱོང་དང་གྲོས་བསྡུར་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲང་ཆིང་ལི་སི་ཁྲོན་ཞིང་ཆེན་འཐུས་ཚབ་ཚོགས་པའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཞིང་ཨུའི་ཧྲུའུ་ཅི། འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཞའོ་ཧུའེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་དང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། ཚོགས་གཙོ་གཞོན་པ་ཧོང་ཆང་གིས་གསུང་བཤད་གནང་།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གནང་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ཟིན་བཀོད་ལས་དོན་སྐོར་གྱི་གསལ་བཤད་བརྒྱུད་བསྒྲགས་གནང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་གཏིང་ཟབ་གནང་བ་རེད།
ཀྲང་ཆིང་ལི་ཡིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་ལས་དོན་སྙན་ཞུ་དེ། མིག་རྒྱང་རིང་ལ་བསམ་བློ་ཟབ་པ། བརྗིད་ཉམས་ལྡན་ལ་མི་སེམས་ལ་སྐུལ་མ་ཐེབས་པ། གསུང་བཤད་ཡོངས་སུ་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོ་བཞིན་ཡོད་པ་དེ་ནི་ཏང་ཡོངས་ཀྱིས་སྔ་འཛིན་ཕྱི་གཏོད་དང་། དཔའ་མཛངས་རྟུལ་ཕོད། དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་པ་བཅས་ལ་སྐུལ་མ་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་དཔུང་སྐྱོད་ཀྱི་དུང་བརྡ་རེད།
ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་གནང་མཛད་པའི་སྙན་ཞུ་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས། སྙན་ཞུའི་བརྗོད་བྱ་གཙོ་བོ་ཁ་གསལ་བ་དང་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ། ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། ང་ཚོའི་ཏང་གིས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དར་ཆ་གང་ཞིག་སྒྲེང་དགོས་པ་དང་། ལམ་གང་ཞིག་ཏུ་སྐྱོད་དགོས་པ། བསམ་པའི་འཁྱེར་སོ་གང་འདྲ་ཞིག་འཛིན་དགོས་པ། དམིགས་འབེན་གང་འདྲ་ཞིག་གི་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་པ་བཅས་གསལ་བསྒྲགས་གནང་ཡོད།
ཧོང་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་གནང་མཛད་པའི་སྙན་ཞུ་ལ་རྦད་དེ་མོས་མཐུན་ཡོད་པ་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ། ཁོང་དུ་ཡག་པོ་ཆུད་པ། དྲིལ་བསྒྲགས་ཡག་པོ་བྱེད་པ། དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ"གཏན་འཁེལ་གཉིས"ལ་བརྩི་སྲུང་མཐའ་གཅིག་ཏུ་བྱེད་པ། "སྲུང་སྐྱོང་གཉིས"བློ་ཐག་རྦད་ཆོད་ཀྱིས་སྒྲུབ་སྟེ་ལོ་བརྒྱ་གཉིས་པའི་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས། ། (སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། )