ཞི་ཅིན་ཕིང་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས།

རྩོམ་སྒྲིག་པ།འཇིགས་མེད།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-17


 ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། 

བློ་ཁ་གཅིག་ཏུ་ཕྱོགས་ཤིང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་རྟགས་ཅན་གྱི་གྲུ་ཆེན་གྱིས་དཀའ་བ་བསལ་ནས་རྒྱང་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་10པའི་ཚེས་17ཉིན་འབྱོར་བའི་གློག་འཕྲིན་ལྟར་ན། ཚེས་17ཉིན་གྱི་སྔ་དྲོར། བློ་མཐུན་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པས་གོམ་གང་མདུན་སྤོས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་ཞེས་ནན་གསུང་གནང་། 

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་དགོས་ན་འདས་ཟིན་པའི་ལོ་5ཡི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་10ཡི་རིང་གི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་ཁོང་དུ་ནན་པོར་ཆུད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ནན་པོར་ཆུད་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཁོང་དུ་ནན་པོར་ཆུད་དགོས་པ་དང་། རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་ནན་པོར་ཆུད་དགོས། མཐུན་སྒྲིལ་ཧུར་བརྩོན་གྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་ནན་པོར་ཆུད་དགོས། 

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག་སྲ་ཞིང་མཁྲེགས་པའི་ངར་ལྕགས་ལྟར་མཐུན་སྒྲིལ་བྱས་ཏེ། བློ་ཁ་གཅིག་ལ་ཕྱོགས་ཤིང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་རྟགས་ཅན་གྱི་གྲུ་ཆེན་གྱིས་དཀའ་ངལ་བསལ་ནས་རྒྱང་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། 

ཀོང་ཞིའི་འཐུས་ཚབ་ཚོགས་པའི་ལིའུ་ཉིང་། ལན་ཐེན་ལི། ཀྲོའུ་ཅ་པིན། ཀྲུའུ་ཞུའེ་ལན། ཀྲེང་ཀྲི་མིང་སོགས་འཐུས་མི་ལྔས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྙན་ཞུར་བསམ་འཆར་བཏོན་ལ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀོང་ཞིའི་ལེའུ་འབད་བརྩོན་ཆེན་པོས་རྩོམ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀུའེ་ལིན་གྱི་རི་ཆུ་སྲུང་སྐྱོང་ཡག་པོ་བྱེད་པ། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བ། རང་བདག་གསར་གཏོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གནད་དོན་ཐད་ཁག་དབྱེ་ནས་གཏམ་བཤད་བྱས། 

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དེ་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འཕོ་འགྱུར་གྱི་མཐོ་སར་བསྒྲེངས་ནས། མ་འོངས་པའི་ལོ་5དང་། མ་ཟད་དེ་ལས་རིང་བའི་དུས་སྐབས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་དམིགས་འབེན་དང་ལས་འགན། སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་བཅས་ཚན་རིག་དང་མཐུན་པའི་སྒོས་ཇུས་འགོད་བྱེད་དགོས་པ་དང་། བསམ་ཕྱོགས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་ནི་ང་ཚོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ལ་ཧུར་བརྩོན་བྱེད་པའི་རྩ་དོན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་པས། ཚང་མས་སྙན་ཞུ་དེར་བརྩི་སྲུང་བྱ་རྒྱུ་ཡིན་ཞེས་བསྟན། 

ཞི་ཅིན་ཕིང་གིས་འཐུས་མི་རྣམས་དང་གྲོས་བསྡུར་གཏིང་ཟབ་གནང་ཞིང་། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད། འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་ཀོང་ཞིའི་འཐུས་ཚབ་ཚོགས་པའི་འཐུས་མི་ཡིན་པའི་ངོས་ནས་གྲོས་བསྡུར་ནང་ཞུགས་པར་ཧ་ཅང་དགའ་སྤྲོ་བྱུང་བ་དང་འབྲེལ། འདིར་བཞུགས་འཐུས་མི་རྣམས་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ཁྲི་250ལྷག་ཙམ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་5700ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། །    ༼ སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། ༽



    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1