ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མི་དམངས་ཞེས་པའི་ཐ་སྙད་འདི་ཐེངས་མང་གླེང་སྟེ། རྒྱལ་སྲིད་ནི་མི་དམངས་ཡིན་ཏེ། མི་དམངས་ནི་རྒྱལ་སྲིད་ཡིན།དུས་རབས་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་ཞེས་སོགས་ཀྱི་བཀའ་མོལ་འདི་དག་གིས་མི་སེམས་ལ་དྲོད་ཁོལ་བསྩལ།
དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་བརྩོན་ལེན་བྱས་པ་དང་ལག་ལེན་བྱས་པ། འབད་བརྩོན་བྱས་པ་ཞིག་ཡིན།
ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་དང་བྲལ་བའི་གཞུང་ལུགས་ཚང་མ་ནི་རྐང་མི་ཚུགས་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་མི་ཐུབ་པའི་གཞུང་ལུགས་ཚང་མ་ལ་གསོན་ཤུགས་མེད།
ང་ཚོས་མི་དམངས་ཀྱི་ལངས་ཕྱོགས་ལ་རྐང་ཚུགས་དགོས་པ་དང་། མི་དམངས་ཀྱི་རེ་སྨོན་ཡིད་ལ་འཆང་བ། མི་དམངས་ཀྱི་གསར་སྐྲུན་ལ་བརྩི་བཀུར་བྱེད་པ། མི་དམངས་ཀྱི་ཤེས་རབ་གཅིག་ཏུ་སྡུད་དེ། མི་དམངས་དགའ་བ་དང་། མི་དམངས་འཐད་པ། མི་དམངས་ལ་དབང་བའི་གཞུང་ལུགས་ཤིག་བསྐྲུན་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དང་། འཕེལ་རྒྱས་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་རོལ་བྱེད་པ་མངོན་འགྱུར་ཟམ་མི་ཆད་པར། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་དེ་ལས་མང་ཞིང་། དེ་ལས་དྲང་བར་རྒྱ་ཆེའི་མི་དམངས་ལ་ཕན་པར་བྱེད་དགོས།
རྒྱལ་སྲིད་ནི་མི་དམངས་ཡིན་ཏེ། མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་དབུ་ཁྲིད་བྱས་ནས་རྒྱལ་སྲིད་ལེན་པ་དང་། རྒྱལ་སྲིད་སྐྱོང་བ་ལས་སྐྱོང་རྒྱུ་ནི་མི་དམངས་ཀྱི་སེམས་ཡིན།
རྒྱལ་ཁབ་སྐྱོང་བར་རྩ་དོན་དགོས་པ་དང་། དམངས་ཕན་ནི་རྩ་བ་ཡིན། མི་དམངས་ལ་ཁེ་ཕན་བསྐྲུན་པ་ནི་སྤྱི་དོན་གྱི་ཆེད་དུ་ཏང་འཛུགས་པ་དང་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་རྩ་བའི་བླང་བྱ་ཡིན། ངེས་པར་དུ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཐུན་མོང་ངང་ཧུར་བརྩོན་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་རྒྱུར་སྐུལ་སྤེལ་བྱས་ཏེ། མི་མཐུད་དུ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་སྨོན་མངོན་འགྱུར་བྱེད་དགོས།
ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བ་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བྱེད་དགོས། མི་དམངས་ཀྱིས་ཆེས་སེམས་འཁུར་བྱེད་ས་དང་། ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དམ་པོར་འཛིན་དགོས་ཤིང་། ནུས་ཤུགས་ཡོད་རྒུ་འདོན་ཞིང་རང་ནུས་ཅི་ལྕོགས་ཀྱིས་ལས་ཀ་བསྒྲུབ་རྒྱུ་དེ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་ནང་དུ་ཟབ་ཞུགས་དང་། གཞི་རིམ་དུ་ཟབ་ཞུགས་བྱས་ཏེ། མི་དམངས་ལ་ཕན་ཞིང་མི་དམངས་ལ་དྲོད་ཁོལ་གཏེར་བའི་ཐབས་ལམ་སྔར་ལས་མང་པོ་སྤྱད་དགོས། ནུས་ཤུགས་བཏོན་ནས་མི་དམངས་མང་ཚོགས་ཀྱི་བྲེལ་ཚུབ་ཆེ་བ་དང་དཀའ་གནད་ཆེ་བ། སེམས་ཁུར་ཆེ་བ། རེ་སྨོན་བྱེད་སའི་གནད་དོན་ཐག་གཅོད་བྱེད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བ། ཆ་སྙོམས་རང་བཞིན་དང་ལག་ལེན་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ། ངེས་པ་དོན་གྱིས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱེད་དགོས།
དུས་རབས་ཀྱིས་ང་ཚོར་འབོད་སྐུལ་བྱེད་བཞིན་ཡོད་ལ། མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་མཆིས། དམ་བཅའ་འགྱུར་མེད་དང་དོན་འཁྱོལ་ལྷོད་མེད་བྱས་ན། ད་གཟོད་དུས་རབས་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་མི་སྲིད། (འཇིགས་མེད་ཀྱིས་བསྒྱུར།)