ཀྲུའུ་ཞི་ཚོཊ་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-21


ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། 

ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ།ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན་བཅས་ཀྱི་གདམ་བྱའི་འོས་མིའི་མིང་ཐོ(འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། 

ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། 

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་སྤྱི་ཚེས་21ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གདམ་བྱའི་འོས་མིའི་མིང་ཐོ(འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། འཐུས་ཚབ་ཚོགས་པ་ཁག་ལ་ནང་གྲོས་བྱེད་པར་འདོན་སྤྲོད་བྱས། 

བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། 

གྲོས་ཚོགས་ཐོག་འཐུས་ཚབ་ཚོགས་པ་ཁག་གིས་འཁྲོལ་ཡོད་གྲ་སྒྲིག་འདེམས་བསྐོ་བྱས་ནས་ཐོན་པའི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གདམ་བྱའི་འོས་མིའི་མིང་ཐོ(འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། འཐུས་ཚབ་ཚོགས་པ་ཁག་ལ་ནང་གྲོས་བྱེད་པར་འདོན་སྤྲོད་བྱ་རྒྱུའི་ཐག་བཅད་བྱས། 

རྒྱུས་ལོན་བྱས་པ་ལྟར་ན། སྤྱི་ཟླ་10པའི་ཚེས་19ཉིན་ནས་བཟུང་། འཐུས་ཚབ་ཚོགས་པ་ཁག་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་འགོ་བཏོན་ཞིང་གྲོས་འཆམ་བྱུང་བའི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གདམ་བྱའི་འོས་མིའི་མིང་ཐོར་ནང་གྲོས་ཞིབ་མོ་བྱས་པ་དང་། འཐུས་མི་རྣམས་ཀྱིས་མིང་ཐོ་དེ་ནི་རྩ་འཛུགས་ཀྱི་གོ་རིམ་ནན་ཞིང་། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་ལས་བྱུང་བ་ཞིག་ཡིན། དེའི་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག །འཐབ་ཕྱོགས་ཁག །ལས་རིགས་ཁག་བཅས་ཀྱི་ཏང་གི་སྲིད་འཛིན་རྐང་འཛིན་པ་དང་ཕུལ་བྱུང་འཐུས་མི་གཅིག་སྡུད་བྱས་པ་དང་། སྤྱི་ཡོངས་ཀྱི་བྱང་ཚད་མཐོ་ཞིང་གྲུབ་ཆ་ཅུང་ལུགས་དང་མཐུན་པ། ཁྱབ་སྟངས་ཅུང་དོ་སྙོམས་ཡོད་པ། མང་ཚོགས་ཀྱི་རྨང་གཞི་ཅུང་ཡག་པོ་ཡོད་པས། དེ་ནི་བསམ་གཞིགས་ཅུང་ནན་པའི་ཇུས་གཞི་ཞིག་ཏུ་ངོས་འཛིན་བྱས། 

སྤྱི་ཟླ་10པའི་ཚེས་20ཉིན་གྱི་ཕྱི་དྲོ་དང་ཚེས་21ཉིན་གྱི་སྔ་དྲོར། ཚོགས་ཆེན་གྱིས་འཐུས་ཚབ་ཚོགས་པ་ཁག་གི་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། སྔ་རྗེས་སུ་ཀྲུང་དབྱང་ཨུ་ཡོན་དང་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན། ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་བཅས་སུ་གྲ་སྒྲིག་འདེམས་བསྐོ་བྱས། ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་ཀྱི་གཏན་འབེབས་ལྟར། གྲ་སྒྲིག་འདེམས་བསྐོ་རུ་འཁྲོལ་ཡོད་འདེམས་བསྐོའི་བྱ་ཐབས་སྤྱད་པ་དང་། འཁྲོལ་ཡོད་ཀྱི་བསྡུར་ཚད་ཚང་མ་8%ལས་མང་བ་ཡོད། གྲ་སྒྲིག་འདེམས་བསྐོའི་ལས་དོན་ཧྲིལ་པོ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་དབུ་ཁྲིད་འོག་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག །ནན་ཏན་སྒོས་ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་ལྟར་སྤེལ་བ་ཡིན་ཏེ། གྲ་སྒྲིག་འདེམས་བསྐོ་བྱས་འབྲས་དེ་ཁྲིམས་དང་མཐུན་ལ་ནུས་པ་ལྡན་པ་ཞིག་ཡིན། 

ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་ཀྱི་གཏན་འབེབས་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་ལྟར། ཚེས་21ཉིན་གྱི་ཕྱི་དྲོར་ཚོགས་ཆེན་གྱིས་འཐུས་ཚབ་ཚོགས་པ་ཁག་ཚོ་ཆུང་བགོས་པའི་གྲོས་ཚོགས་འཚོགས་ཏེ། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་འཆམ་བྱུང་བའི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན་བཅས་ཀྱི་གདམ་བྱའི་འོས་མིའི་མིང་ཐོར་ནང་གྲོས་བྱས། 

ཚེས་22ཉིན་གྱི་སྔ་དྲོར། ཚོགས་ཆེན་གྱིས་དངོས་སུ་འདེམས་བསྐོ་བྱ་རྒྱུ་རེད། ། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1