༄༅།། ཏུང་ཧྲན་སྒྲོན་བསྐོར་དུས་ཆེན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོའི་དྲ་བ་ལས་དྲངས། སྤེལ་དུས། 11-01




      མཚན་སྙན་ཆེ་བའི་མཚོན་སྒྲོན་ནི་འབྲུག་ཆུ་རྫོང་ཏུང་ཧྲན་ཤང་ས་ཁུལ་དུ་དར་ཁྱབ་ཆེ་བ་དང་།  ཤ་རུས་གདུང་རྒྱུད་གཅིག་པའི་ཏུང་ཧྲན་སྙིང་སྟོབས་ཐེག་ཡོད་ལ། ཀྲུང་ཧྭའི་དམངས་སྲོལ་རིག་གནས་ཁྲོད་ཀྱི་མཆོག་ནོར་ཞིག་ཀྱང་ཡིན།

   \\   \   

   དེ་ཡང་འབྲུག་ཆུར་ལུགས་རྙིང་ཉེར་གསུམ་ལོ་གསར་བཅོ་ལྔ་ལས་ལྷག ཅེས་པའི་བཤད་ཚུལ་ཡོད་ལ།  ལོ་ལྟར་ཟླ་བ་དང་པོའི་བཅོ་ལྔའི་དུས་ཆེན་གོང་དུ་ཏུང་ཧྲན་ཤང་གི་ཁྱིམ་ཚང་ཚང་མས་ལྒང་ཞུ་བཟོ་འགོ་བརྩམས་པ་དང་། ཕོ་གསར་རྣམས་ཀྱིས་རང་རང་གི་རྩལ་ནུས་མངོམ་སྟེ། ཁྱད་དུ་འཕག་ས་པའི་གློག་སྒྲོན་ཞིབ་ཚགས་བཟོ་བ་དང་། བུ་མོ་དང་ལྕམ་ཆུང་ཚོས་ཤོག་བུ་འདྲ་བ་དང་མེ་ཏོག་བཟོ་བ་རི་མོ་འབྲི་བ་བཅས་བྱས་ནས་སྒྲོན་ཞུའི་ཐོག་ཤོག་བུ་སྣ་ཚོགས་སྦྱར་ཏེ་ལྒང་ཞུ་བལྟ་ན་སྡུག་པ་ཞིག་བཟོ་བཞིན་ཡོད། རང་ཁྱིམ་གྱི་ཤེས་ཡོན་ཆུ་ཚད་ཆེས་མཐོ་བ་དེས་ལྒང་ཞུའི་སྟེང་ཤིས་ཚིག་འབྲི་བ་དང་། ལོ་རྗེས་མར་བྱ་བ་ལམ་འགྲོ་ཡོང་བའི་རྟེན་འབྲེལ་དང་། མི་རྣམས་ཚེ་ཐག་རིང་བ་དང་ཞིང་ལ་ལོ་ལེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།

 

\

       ཟླ་དང་པོའི་ཚེས་བཅུ་བཞི་ཉིན་དང་། བཅོ་ལྔ། བཅུ་དྲུག་བཅས་ཀྱི་ས་སྲོད་ལ། ཏུང་ཧྲན་ཤང་གི་དུད་ཚང་སོ་སོའི་སྐྱེས་པ་དར་མ་རྣམས་ཀྱིས་རང་ཁྱིམ་གྱི་ལྒང་ཞུ་འཁྱེར་ནས་གྲོང་ཚོའི་ལྷ་ཁང་ནང་འཛོམས་པ་དང་། ས་སྲོད་ཀྱི་དུས་སུ།  སྒྲོན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པས་ལྷ་ལ་གསོལ་བ་དང་སྨོན་ལམ་འདེབས་བཞིན་ལྒང་ཞུའི་དུས་ཆེན་གྱི་བྱུང་བ་དང་རྒྱུ་རྐྱེན་ཞུས་ཏེ་ལྷ་ཡིས་མགོན་སྐྱབས་བྱེད་པའི་སྨོན་ལམ་འདེབས་ཀྱི་ཡོད།  སྨོན་ལམ་མཇུག་སྒྲིལ་རྗེས། མེ་སྒྱོགས་ཀྱི་སྒྲ་ཐེངས་གསུམ་གྲགས་པ་ན།  རྔ་རོལ་མཉམ་དཀྲོལ་བྱས་ནས་ལྒང་ཞུའི་རུ་ཁག་ལྷ་ཁང་ནས་འབུད་པ་དང་། སྒྲོན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པས་ལྒང་ཞུ་ལག་ཏུ་བཟུང་སྟེ་འབྲུག་དར་ཕྲག་ཏུ་འཁུར་ནས་སྔོན་དུ་འགྲོ་བ་དང་།   རིམ་པ་ལྟར་དབུ་སྒྲོན་དང་། གཉིས་སྒྲོན ། གསུམ་སྒྲོན ། བཞི་སྒྲོན་ཞེས་འབོད།  གོ་ཐོས་སུ་གློག་རེས་ལྷ་རེ་མཚོན་པ་ཡིན་ཟེར།   གྲལ་མགོའི་ལྒང་ཞུ་འགའ་ཡི་ཚངས་ཐིག་ལ་ཕལ་ཆེར་ཁྲི་ཙེ་དོ་རེ་ཡོད་པ་དང་། དེ་དག་གི་ཐོག་ལ། རྒྱལ་ཁབ་བདེ་ཞིང་མི་དམངས་སྐྱིད། ཆར་ཆུ་དུས་སུ་འབབ་པར་སྨོན། འབྲི་རིགས་སྣ་ལྔ་ལོ་ལེགས་སྨིན། ཕྱུགས་རིགས་སྣ་དྲུག་སྐྱེ་འཕེལ་ཡོང་། སོགས་ཀྱི་བཀྲ་ཤིས་པའི་སྨོན་ཚིག་སྦྱར་ནས་ཡོད།  དེའི་རྗེས་སུ་ན་གཞོན་དར་མ་སུམ་ཅུ་ལྷག་གིས་རྒྱ་གླིང་འབུད་ཅིང་རྔ་རྡུང་རོལ་དཀྲོལ་གྱིས་སིལ་སྙན་སྒྲོག་ཅིང་ཞབས་བྲོ་འཁྲབ་བཞིན་འགྲོ་ལ།  རྒྱབ་ཏུ་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་ཤོག་དྲས་འདྲ་གཟུགས། སྙན་ཚིག  ཡིག་གཟུགས། མེ་ཏོག་དང་འདབ་ཆགས་སོགས་བྲིས་པའི་ལྒང་ཞུ་སྣ་ཚོགས་འཁུར་ཡོད། གྲོང་ཚོ་སོ་སོའི་གྲོང་མདའ་དང་། ལྷ་ཁང་། སྲང་ལམ་སོགས་སུ་བསུ་མ་བྱེད་པའི་སྒོ་ཆེན་བཟོས་པ་དང་།  ཚོན་དར་སྒྲེང་ཡོད་ལ།  དུད་ཚང་སོ་སོས་རྒྱལ་སྒོ་དང་ཁང་བའི་ཐོག་ཚོན་སྒྲོན་བཀལ་ནས་སྒྲོན་བསྐོར་བ་བསུ་བཞིན་ཡོད།

\

     \ \   

   སྒྲོན་བསྐོར་བྱེད་ཐེངས་རེར། ཁྱིམ་ཚང་རེ་ནས་ན་གཞོན་རེ་མངགས་ཏེ་ལྒང་ཞུ་འཁྱེར་ནས་གྲོང་ཚོ་དེའི་ལྒང་ཞུའི་དུས་ཆེན་གྱི་བྱེད་སྒོ་ལ་ཞུགས་པ་དང་། ཚོན་མདོག་སྣ་ཚོགས་ཀྱི་ལྒང་ཞུ་བརྒྱ་ཕྲག་ཁ་ཤས་ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་གཡུ་འབྲུག་འཁྱིལ་བ་ལྟར་གྲོང་ཚོ་ནས་གྲོང་ཚོ་བཞིན་བཀྲ་ཤིས་སྨོན་འདུན་བཀྲམས་ནས་འགྲོ།  ལྷ་ཁང་དང་འཕྲད་དུས་ཚོགས་གཙོ་ལྷ་ཁང་ནང་དུ་ཕྱིན་ནས་སྨོན་ལམ་འདེབས་པ་དང་།  སྦྱིན་བདག་གིས་སྐུ་མགྲོན་ལ་ཆང་འདྲེན། དེ་རྗེས་ལྷ་ཁང་མདུན་ནས་རྔ་སྒྲ་དང་བསྟུན་ནས་དབུ་སྒྲོན་གྱི་འགྲོས་ལྟར་སྒྲོན་བསྐོར་གྱི་བྱེད་སྒོ་སྤེལ། ཧ་ལམ་སྐར་བཅུ་ལྷག་གི་མཚམས་ལྒང་ཞུ་ཡོད་ཚད་རིམ་པ་ལྟར་འཁོར་ནས་འགྲུབ་པ་ན་ཚང་མས་གཞི་གཅིག་ཏུ་རྡོག་པས་ས་ཐོག་ཏུ་མནན་པས་ན་རྐང་རྗེ་ཧ་ལས་པ་ཁད་འདུག་སྟེ།  ས་ཐོག་ཏུ་ཡི་གེའི་རི་མོ། རྒྱལ་ཁབ་བདེ་ཞིང་མི་དམངས་སྐྱིད། ཆར་ཆུ་དུས་སུ་འབབ་པར་སྨོན། འབྲི་རིགས་སྣ་ལྔ་ལོ་ལེགས་སྨིན། ཕྱུགས་རིགས་སྣ་དྲུག་སྐྱེ་འཕེལ་ཡོང་། སོགས་ཀྱི་བཀྲ་ཤིས་པའི་སྨོན་ཚིག་དཔར་ཡོད། 

\

  \

    ལྒང་ཞུ་རུ་ཁག་གིས་གྲོང་ཚོ་རེ་རེ་ནས།  དྲི་ཞིམ་མེ་ཏོག་དང་།  ཡུལ་ལྷ་མཆོད་འཇལ་གྱི་བྱེད་སྒོ་སྤེལ་དགོས། ཕོ་གསར་ཚོས་དཔའ་ཉམས་ཆེ་སྐྱེད་ཀྱིས་རང་རང་གི་འཇོན་ཐང་བཏོན་ནས་སིལ་སྙན་དཀྲོལ། རྔ་རྡུང་།  རྒྱ་གླིང་འབུད།  ལྒང་ཞུ་བསྐོར་ནས་ཚོགས་རའི་རྣམ་པ་སྤྲོ་སེམས་འཁོལ་བར་བྱེད། ཏུང་ཧྲན་ཤང་གི་ཕོ་མོ་རྒན་གཞོན་ཚང་མས་ལུས་ལ་གཟབ་འཆོར་སྤྲས་ནས། རྒན་སྐྱོར་གཞོན་ཁྲིད་ཀྱིས་ལྒང་ཞུ་དང་སྙན་ངག  ཡིག་རིས་དང་རི་མོ་རྩ་ཆེན་བཅས་ལ་བལྟ་བ་དང་།  རོལ་མོར་ཉན། གལ་སྲིད་གྲོང་ཚོ་གཉིས་ཀྱི་ལྒང་ཞུ་རུ་ཁག་ཕན་ཚུན་འཕྲད་ན། ར་སྐོར་གཅིག་ནས་ལྒང་ཞུ་དང་། རུ་གྲལ། རོལ་དབྱངས་སོགས་འགྲན་ནས་གྲོང་ཚོ་གཉིས་ཀྱི་སྙིང་སྟོབས་བསྡུར་དགོས་ཡོད།

ཏུང་ཧྲན་སྒྲོན་བསྐོར་ཏེ་ངོ་མཚར་ཆེ་བའི་དམངས་སྲོལ་བྱེད་སྒོ་འདི་འཛམ་གླིང་ཡོངས་སུ་དེ་ལས་མེད་པ་དང་། དེར་དོན་སྙིང་ཟབ་མོ་ལྡན་ལ། རིག་གནས་ནང་དོན་དང་སྒྱུ་རྩལ་རོལ་མྱོང་གི་རིན་ཐང་ཅུང་མཐོ་བས། ཞིང་ཆེན་རིམ་པའི་མངོན་མིན་ཤུལ་བཞག་སྲུང་སྐྱོབ་རིག་གནས་ཀྱི་རྣམ་གྲངས་སུ་སྙན་ཞུ་ཕུལ་ཡོད་དོ།།

    


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1