ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་པའི་འཐུས་མིས། ཞིང་ཆེན་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཁྲི་510ལྷག་དང་མི་རིགས་ཁག་གི་མི་དམངས་ཁྲི་9100ལྷག་གི་མངག་བཅོལ་གལ་ཆེན་དང་ཡིད་ཆེས་ཕྲག་ཏུ་འཁུར་ནས་པེ་ཅིན་དུ་སོང་ནས་ཚོགས་ཆེན་དུ་ཞུགས།
ཚོགས་ཆེན་འཚོགས་རིང་། འཐུས་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་དང་གྲོས་བསྡུར་གཏིང་ཟབ་བྱས་ནས། ངེས་པ་དོན་གྱིས་འགན་འཁྲི་དང་འོས་འགན་ཕྲག་ཏུ་བླངས་པ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་འཐུས་མིའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ཏེ། ཚོགས་ཆེན་གྱི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ཡོད།
ཚང་མས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་གྱི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། མེ་ཏོག་བཞད་ནས་འབྲས་བུ་སྨིན་རྒྱུར་སྐུལ་འདེད་ནན་མོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། །