མཛོད་དགེའི་ན་འདམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-07



     སི་ཁྲོན་མཛོད་དགེའི་ན་འདམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་དུ་ཡོད་པ་དང་། དེ་ནི་མཐོ་གྲང་འདམ་སོལ་ན་འདམ་སྐྱེ་ཁམས་མ་ལག་དང་ཁྲུང་ཁྲུང་སྐེ་ནག་སོགས་སྲོག་ཆགས་རྩ་ཆེན་སྲུང་སྐྱོབ་བྱེད་སའི་རང་བྱུང་སྲུང་སྐྱོབ་ཁུལ་ཞིག་ཡིན། སྲུང་སྐྱོབ་ཁུལ་དེ་1998ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཚུད་པ་དང་། 2008ལོར་རྒྱལ་སྤྱིའི་ན་འདམ་གཙོ་བོའི་མིང་ཐོར་ཚུད། ཉེ་བའི་ལོ་ཤས་རིང་། ས་གནས་སྲིད་གཞུང་གིས་རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རེ་བ་ལྟར། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་འཕེལ་རྒྱས་གཅིག་འདོམས་བྱས་ཤིང་། བརླན་ས་དང་རྩྭ་སར་སྲུང་སྐྱོབ་དང་། བྱེ་འགྱུར་སྔོན་འགོག་སོགས་སྐྱེ་ཁམས་སླར་གསོའི་བྱེད་ཐབས་ལག་བསྟར་བྱས་མུར། སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན།  

  

  

  

  

  

  

  

  

  

  

  

  

  

  

  

  

  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1