པར་འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་པོ་རི་སློབ་ཆུང་གི་སློབ་མ་དག་ལུས་རྩལ་ཐང་དུ་རྩེད་འཇོར་རོལ་བའི་རྣམ་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔར་བས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་མཐོ་སྒང་གི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ལེགས་པོ་བྱས་ནས། མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་དགོས་ཞེས་བསྟན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་སྒྱུར་ཕན་ཚུན་ཟུང་འབྲེལ་བྱས་ནས། ཅུང་ལེགས་པའི་སྐྱེ་ཁམས་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སྤྱོད་ཀྱི་འཁོར་རྒྱུག་ཡུན་ཕན་ལམ་སྲོལ་ཧུར་ཐག་བསྐྲུན་ཡོད།
པར་འདི་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནས་ལམ་དུ་ཆས་པའི་གནས་སྤོར་རུ་ཁག་སྲིན་པོ་རིའི་བཀོད་སྒྲིག་ས་ཚིགས་སུ་འགྲོ་བའི་རྣམ་པ་རེད།
པར་འདི་ནི་སིལ་ཏོག་ཁང་གི་ལས་དོན་མི་སྣས་ཀུ་ཤུ་འཐོག་བཞིན་པའི་རྣམ་པ་རེད།
2018ལོར། བོད་རང་སྐྱོང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་སྤེལ་རྒྱུ་ཐག་གཅོད་བྱས། དུས་སྔོན་དུ་ཚོད་ལྟ་བྱས་པ་བརྒྱུད། སྐོར་དང་པོའི་གཞི་ཁྱོན་ཆེན་མོ2019ལོའི་ཟླ12པར་ལག་བསྟར་བྱས་པ་དང་། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་། ཉི་མ་རྫོང་བཅས་ཀྱི་མང་ཚོགས4000ལྷག་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་པོ་རིའི་དུས་ཐེངས་དང་པོའི་བཀོད་སྒྲིག་ས་ཚིགས་སུ་གནས་སྤོར་བྱས། ས་བབ་མཐོ་བ་དང་གནམ་གཤིས་ཆ་རྐྱེན་ཞན་པའི་རི་ཁུལ་ནས་འཚོ་སྡོད་ལ་འཚམ་པའི་སྡོད་གནས་གསར་བར་སྤར་བ་དང་། སྐྱེ་ཁམས་གནས་སྤོ་བྱས་ནས་འཚོ་བ་གསར་བར་རོལ་བ་དང་འདུ་ཤེས་གསར་བ་མངོན་ཡོད།
པར་འདི་ནི་སྲིན་པོ་རིའི་བཀོད་སྒྲིག་ས་ཚིགས་སུ་རྒྱང་ལྟ་བྱས་པའི་རྣམ་པ་རེད།
པར་འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་མང་ཚོགས་ཀྱིས་ཁྱིམ་ཆས་རླངས་འཁོར་དུ་འཇོག་པའི་རྣམ་པ་རེད།
ད་ལོའི་ཟླ7པ་ནས་བཟུང་། བོད་ལྗོངས་ཀྱིས་སྐོར་གཉིས་པའི་གཞི་ཁྱོན་ཆེན་མོའི་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་དོན་སྤེལ་མགོ་ཚུགས་པ་དང་། གོང་གི་རྫོང་གསུམ་གྱི་ས་བབ་སྨི4800ལས་བརྒལ་བའི་ཤང་དང་གྲོང་རྡལ་གྱི་མི་ཁྲི1.3གཅིག་བསྡུས་གནས་སྤོར་ལས་དོན་སྤེལ་བ་རེད། སྡོད་དམངས་རྣམས་ས་བབ་སྨི3600གི་སྲིན་པོ་རིའི་དུས་ཐེངས་གཉིས་པའི་བཀོད་སྒྲིག་ས་ཚིགས་སུ་སྤས་ནས་འཚོ་བ་གསར་བ་རོལ་མགོ་རྩོམ་རྒྱུ་རེད།
པར་འདི་ནི་གནས་སྤོར་མ་བྱས་གོང་ས་གནས་མང་ཚོགས་ཀྱིས་མཉམ་པར་བསྐྱོན་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ཅུའུ་ཡི་གཞི་གྲངས་པར་རིས་རེད།
ཉེ་བའི་ལོ་འགའི་རིང་། བྱང་ཐང་རྩྭ་ཐང་དུ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ནས་རི་སྐྱེས་སྲོག་ཆགས་ཀྱི་ཚོགས་སྤྱི་སླར་གསོ་བྱུང་ཡོད། གནས་སྤོར་མང་ཚོགས་ཀྱི་སེམས་ཁྲལ་སེལ་ཆེད། སྲིད་གཞུང་གིས་ཁོང་ཚོར་ལེ་ལག་ཚང་བའི་ཐོན་ལས་མང་བོ་བཀོད་སྒྲིག་བྱས་ནས། ཁོང་ཚོ་སྡོད་གནས་གསར་བར་བདེ་སྡོད་ཐུབ་པ་མ་ཟད་གནས་འདིར་ལས་བརྩོན་ཐུབ་རྒྱུའི་རེ་བ་བཏོན་ཡོད།
ས་སེར་གྱི་སྲིན་པོ་རིའི་བཀོད་སྒྲིག་ས་ཚིགས་སུ་བྲེལ་འཚུབ་ཀྱིས་ཁེངས་ཡོད། སྐོར་གཉིས་པའི་གནས་སྤོར་མང་ཚོགས་རིམ་བཞིན་སྤར་བ་དང་ལོ་ངོ་གཉིས་ཀྱི་གོང་དུ་འདི་གར་གནས་སྤོ་བྱས་པའི་མང་ཚོགས་དང་མཉམ་དུ་གྲོང་རྡལ་ཆུང་ངུ་འདིར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད། །