འདི་ནི“གཉིས་གཏོད”སྐྱོང་སྤེལ་རྟེན་གཞིའི་ཀེ་ལ་ཤ་ལག་ཤེས་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བཟོས་གུར་འཚེམ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས་ས་གནས་དེ་གའི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཤེས་ལྡན་མི་སྣ་དང་། མ་དངུལ། རྣམ་གྲངས་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“གཉིས་གཏོད”སྐྱོང་སྤེལ་རྟེན་གཞི་ཧུར་ཐག་བཏོད་དེ་ཁེ་ལས་དང་ལས་གཏོད་བྱེད་མཁན་ལ་མ་གནས་ཉུང་བ་དང་། སྟབས་བདེ་བ། གཙོ་རྒྱུ་ཆ་ཚང་བ། སྒོ་དབྱེ་རྣམ་པ་བཅས་ཀྱི་འཕེལ་རྒྱས་ལས་སྟེགས་མཁོ་འདོན་བྱས་པ་དང་འབྲེལ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ལས་ཞུགས་གཞན་སྒྱུར་ལ་སྐུལ་ཁྲིད་བྱས་ཤིང་། མིག་སྔར། རྟེན་གཞི་དེས་མི་རིགས་ལག་ཤེས་བཟོ་རྩལ་གྱི་ལས་སྣོན་བཟོ་གྲྭ་དང་། བོད་བཟོའི་ཁྱིམ་ཆས་བཟོ་གྲྭ ཨར་པོའི་ཀུང་སི་སོགས་ཁེ་ལས་7གཉེར་སྐྱོང་ལ་ཞུགས་པའི་ཡིད་དབང་བཀུག་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་སློབ་ཆེན་སློབ་མ་སོགས་མི་440ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།