ཆར་ཆུའི་ཁྲོད་ཀྱི་རི་དྭགས་ཚོགས།
ཁྱོད་ཤི་ང་གསོན་གྱི་གདོང་ཐུག
གཅེས་སྐྱོང་།
བང་རྩལ་འགྲན་པ།
གཅན་གཟན་གསའ།
ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་འཛིན་སྲུང་སྐྱོང་ཐད་ཀྱི་དྲིལ་བསྒྲགས་ལ་ཤུགས་བསྣན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་ཤུགས་འཛུགས་སྐྲུན། རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་འཛུགས་སྐྲུན་བཅས་ཕྱི་རོལ་ཡུལ་གྱི་ལྟ་ཞིབ་དང་། མྱུར་སྐྱོབ་བྱ་བ་སོགས་མཐོར་འདེགས་སུ་བཏང་བ་བརྒྱུད། གཅན་གཟན་གསའ་འཚོ་སྡོད་བྱེད་ས་དང་རིགས་རྒྱུ་ལ་ཕན་འབྲས་ཡོད་པའི་སྒོ་ནས་སྲུང་སྐྱོང་བྱས་ཡོད། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར2དང་ཁུལ6དུ་གཅན་གཟན་གསའ་ལྟ་ཞིབ་བྱེད་ཐུབ་པ་དང་། གཅན་གཟན་གསའ་འཚོ་སྡོད་བྱེད་སའི་གཞི་ཁྱོན་ལ་སྟོང་སྨི་གྲུ་བཞི་མ33.08ཡོད་པ་རེད།
རང་ཞིང་ནི་འཛམ་གླིང་དུ་གཅན་གཟན་གསའ་འཚོ་སྡོད་བྱེད་སའི་གནས་གཙོ་བོ་ཡིན་པ་དང་། གཙོ་བོ་བྱང་རྒྱུད་ས་ཁུལ་གྱི་མདོ་ལ་རི་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་ཁུ་ནུ་རི་རྒྱུད། ལྷོ་རྒྱུད་ས་ཁུལ་གྱི་གཙང་གསུམ་འབྱུང་ཡུལ་བཅས་ལ་ཁྱབ་ཡོད། གཅན་གཟན་གསའ་ཡི་ཞིབ་འཇུག་རྒྱུ་ཆ་ལྟར་ན། རང་ཞིང་དུ་གཅན་གཟན་གསའ་འཚོ་སྡོད་བྱེད་སའི་གཞི་ཁྱོན་ལ་སྟོང་སྨི་གྲུ་བཞི་མ33.08ཟིན་པ་དང་། གཅན་གཟན་གསའ་ཡི་འཚོ་སྡོད་ལ་འཚམ་པའི་ས་ཆའི་གཞི་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5.46ཡོད་པ་རེད།
ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལི་ཞའོ་ནན་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་སོགས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་འཛུགས་སྐྲུན་བརྒྱུད་དེ། གཅན་གཟན་གསའ་སོགས་རི་སྐྱེས་སྲོག་ཆགས་ལ་སྤྱི་ལེ་གྲུ་བཞི་མ་ཁྲི20ལྷག་གི་སྲུང་སྐྱོང་ས་ཁོངས་འདོན་སྤྲོད་བྱས་ཡོད། དེས་གཅན་གཟན་གསའ་སོགས་རིགས་རྒྱུད་གཙོ་གནད་དང་འཚོ་སྡོད་བྱེད་ས་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། མངའ་ཁོངས་སུ་གཅན་གཟན་གསའ་སོགས་རྩ་མེད་དུ་འགྲོ་བཞིན་པའི་རིགས་རྒྱུད་དང་སྐྱེ་ཁམས་མ་ལག་ལ་ཁྱོན་ཡོངས་དང་ཆ་ཚང་། རྒྱུན་མཐུད་སྲུང་སྐྱོང་བཅས་ཀྱི་བགྲོད་ལམ་གསར་པ་ཞིག་འདོན་སྤྲོད་བྱས་ཡོད་ཟེར། །