འདི་ནི་རྒྱལ་ལམ་349མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་དུམ་བུའི་ཟམ་ལམ་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག་ཆགས་ཡོད། ལོ་བཅུའི་རིང་། ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་6.52ནས་སྤྱི་ལེ་ཁྲི་12.07བར་འཕར་བ་དང་། རིམ་མཐོའི(མྱུར་བགྲོད་གཞུང་ལམ)གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་38ནས་སྤྱི་ལེ་1105བར་རིང་དུ་སོང་བ་དང་། ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་3རིང་གི་ཕྱོགས་བསྡུས་འགྲིམ་འགྲུལ་བར་ཁྱམས་ཤིག་མགྱོགས་མྱུར་ཆགས་བཞིན་པ། ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། བསྐྱར་དར་རྟགས་ཅན་ས་མཐོར་ཐོག་མར་ཤར་གཏོང་ཐུབ་ནས་མཐུན་སྒྲིལ་ལམ་ཐིག་དང་བདེ་སྐྱིད་ཀྱི་ལམ་བུ་རེ་རེ་བཞིན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཆེན་པོ་བསྣན།