༄༅།།རི་ཆུ་སྔོ་ཞིང་དྭངས་པའི་རེ་བ་སྟོང་ཟད་དུ་མི་གཏང་བར་འབད་འཐབ་ལྷོད་མེད་བྱེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-21


མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཡིན། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དུ་གྱུར་ཡོད་ལ། སྐྱེ་ཁམས་ཀྱི་གོ་བབ་ཡང་གལ་ཆེན་ཟིན་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྙན་ཞུའི་ནང་དུ། ལོ་ངོ་ལྔའི་རིང་ལ། ང་ཚོས་སྐྱེ་ཁམས་སྲུང་ཡོལ་སྔོན་སྤེལ་རྒྱུན་འཁྱོངས་དང་། སྐྱེ་ཁམས་དཔལ་ཡོན་དར་སྤེལ་ཐད་ལ་རྒྱུགས་འབྲས་ཡག་ཤོས་ཤིག་སྤྲད་ཡོད་ཅེས་བསྟན།

        སྐྱེ་ཁམས་ཀྱི་ཞིང་ཆེན་ཆེ་ཤོས་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཡོད། སྙན་ཞུར་ཉན་རྗེས། སྐྱེ་ཁམས་ཁོར་སྲུང་བ་ཞིག་ཡིན་པའི་ངོས་ནས། ལོ་ངོ་ལྔའི་རིང་ལ་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། ང་རང་གཟི་བརྗིད་ཀྱིས་ཁེངས་ཡོད་ཅེས་རྨ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ལིན་ཀྲན་ཞིང་གིས་གསར་འགོད་པར་དེ་སྐད་བརྗོད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་ཚད་མེད་དང་ཐུགས་ཁུར་ཟབ་མོ་གནང་ནས་འདི་སྐད། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱ་བ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། རེ་བ་ནི་མཚོ་སྔོན་གྱིས“གོ་ལའི་གླིང་སྣེ་གསུམ་པ”ཡི་སྐྱེ་ཁམས་ལེགས་པོར་སྲུང་སྟེ། མཚོ་བོད་མཐོ་སྒང་དེ་ཉིད་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་ཧུར་ཐག་གིས་བསྐྲུན་དགོས་པ་བསྟན། ཉེ་བའི་ལོ་རིང་ལ་རྨ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དོན་ཐོག་ཏུའཁྱོལ་བར་སྐུལ་འདེད་ཏན་ཏིག་དང་། སྐྱེ་ཁམས་ཁུལ་འཛུགས་སྐྱོང་བྱས། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་སྤྱིའི་བཀོད་པར་སྐྱེ་ཁམས་སྔོན་སྤེལ་གྱིས་གཅིག་འདོམས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་། “རི་ཆུ་མཛེས་པའི་རྨ་ལྷོ”ཞེས་པའི་ཚད་གཞི་མཐོ་ཤོས་ཀྱི་མིང་བྱང་བཏོད་དེ། “ས་ཁུལ་གསུམ་འཛུགས་སྐྲུན”གྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། སྐྱེ་ཁམས་དཔལ་ཡོན་དར་སྤེལ་ལ་གཡུར་ཟའི་གྲུབ་འབྲས་སྨིན།

བཀའ་བཅོལ་སྙན་མོ་རི་ལས་བརྗིད་ཅིང་། འགན་འཁྲི་མི་བརྗེད་མདུན་དུ་བསྐྱོད།

        ལོ་ལྔའི་ཚུན་ལ། རྨ་ལྷོ་ཁུལ་གྱིས“སྐྱེ་ཁམས་སྔོན་སྤེལ་དང་། ལྔ་འགྱུར་མཉམ་སྤེལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་གཅིག་གྱུར། མཐུན་སྦྱོར་གོང་སྤེལ”རྩ་དོན་དུ་བཟུང་སྟེ། ཁུལ་ཡོངས་སུ་གཅིག་གྱུར་འཆར་འགོད་ལག་བསྟར་བྱས་པ་དང་། འཚེ་མེད་སྐྱེ་ཁམས་ཀྱིས་སྣེ་འཁྲིད་དེ་བྱེད་པོའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་ལག་བསྟར་དང་། ནང་ཁུལ་ལེགས་བཅོས། ཕྱི་ཕྱོགས་རྒྱ་བསྐྱེད། གྲོང་ཁྱེར་གྱི་རྣམ་པ་གསར་པར་སྐུལ་འདེད་བཅས་བཏང་ནས་ཐོན་སྐྱེད་བར་སྟོང་ལེགས་བསྡུས་དང་། འཚོ་བའི་བར་སྟོང་ལེགས་བཀོད། འཚོ་བའི་ཁོར་ཡུག་ལྟ་ན་སྡུག་པ་མངོན་འགྱུར་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔོན་སྤེལ་གྱི་འཕེལ་རྒྱས་བསམ་བློར་བརྩི་སྲུང་བྱས་ཏེ“རི་ཆུ་སྔོ་དྭངས་ནི་གསེར་རི་དང་དངུལ་རི”ཡིན་པའི་འདུ་ཤེས་དར་སྤེལ་དང་། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག”གཏང་དགོས་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་དཔེ་སྟོན་ཁུལ་གསར་འཛུགས་གོ་སྐབས་སུ་བཟུང་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་འབྱོར་དར་སྤེལ་ལ་སྐུལ་འདེད་བཏང་།

        ལོ་ངོ་ལྔའི་རིང་ལ། རྨ་ལྷོ་ཁུལ་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བྱས་ཏེ། སྐྱེ་ཁམས་སྔོན་སྤེལ་རྒྱུན་འཁྱོངས་དང་། འཚེ་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་པ་དང་། “ཁོར་ཡུག་སྲུང་སྐྱོབ་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་ཚིས་ལ་ཕན་བདེ་བསྐྲུན་པའི”སྤྱིའི་བསམ་ཕྱོགས་ལྟར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཁྲོད་དུ་མ་སྐུལ་རང་རྟོགས་ཀྱིས་ཞུགས་ཏེ། རི་ཆུ་ནགས་ཞིང་འཚེའུ་རྩྭ་ཐང་བྱེ་ཀླུང་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཁོངས་གཏོགས་བཅོས་སྐྱོང་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྐྱེ་ཁམས་དཔལ་འབྱོར་དང་། འཚེ་མེད་ཐོན་ལས་མུ་མཐུད་ནས་གོང་དུ་སྤེལ་བ་དང་། སྔོ་ཞིང་དྭངས་པའི་རི་ཆུ་རྨ་ལྷོའི་ཡུལ་ལྗོངས་ཀྱི་ཚིས་གཞི་ལྟ་བུར་འགྱུར་བར་འབད་པ་བྱས།

        ལོ་ལྔའི་རིང་ལ། རྨ་ལྷོ་ཁུལ་གྱིས་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་ཀ་རྒྱུན་ཆགས་སུ་སྤེལ་ཏེ། ཆུ་དང་རླུང་ཁམས་ཆེན་པོ། ས་རྒྱུ་སྦགས་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་འཆར་འགོད་བརྟན་པོར་ལག་བསྟར་བྱས་ནས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་འཁྱོངས་དང་།ས་ཁོངས་ཡོངས་ལ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་གསར་འཛུགས་བརྩོན་ལེན་བཅས་བྱས་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་ལ་མུ་མཐུད་ནས་སྐུལ་འདེད་བཏང་། ཆུའི་ཁོར་ཡུག་གཙང་ཚད་རིགསཔ་ལས་ལེགས་ཤིང་། རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་བྱ་བ་བཅས་མཉམ་དུ་སྤེལ་བ་མ་ཟད། «རྨ་ལྷོ་ཁུལ་གྱི་སྔོ་བསང་ནམ་མཁའ་སྲུང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི»བཟོས་ཏེ། “ས་རྡུལ་འགོག་བཅོས་དང་། རྡོ་སོལ་ཉུང་སྤྱོད། རླངས་འཁོར་ཉུང་གཏོང་། ཁེ་ལས་བཅོས་སྐྱོང་། ལྗང་སྒྱུར་རྒྱ་སྐྱེད”བྱེད་ཐབས་ལག་ལེན་ཏུ་བསྟར། ས་རྒྱུའི་ཁོར་ཡུག་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལས་གཞི་སྐོར་ཞིག་གི་ལས་ཀ་བདེ་བླག་ངང་སྤེལ་བ་དང་། འབག་བཙོག་ཆེན་པོ་རིགས་བཞིའི་སྤྱིའི་འབུད་བསྐྱུར་ཇེ་ཉུང་དུ་བཏང་ནས་མང་ཚོགས་ཀྱི་ཡིད་ཚིམ་པོར་བཟོས།

        ལོ་ལྔའི་རིང་ལ། རྨ་ལྷོ་ཁུལ་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལ་མཐོང་ཆེན་ཚད་མེད་བྱས་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཐད་ཀྱི་གྱོད་དོན་བརྒྱུད་སྒྲུབ་དང་། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་བཅས་ཞིང་ཆེན་ཡོངས་ཀྱི་སྔུན་ལ་ཐག་བཅད་པ་དང་། གྱོད་འབྲེལ་ཁེ་ལས་ལ་ཁྲིམས་བཞིན་འབྲེལ་ཡོད་བྱེད་ཐབས་བཀོལ་བ་དང་། ནང་སྒོས་སུ་བེད་མེད་དུ་འདོར་བའི་གཏེར་རི་བཅོས་སྐྱོང་དང་སླར་གསོ། ཟེགས་མའི་བཟོ་གྲྭ་སོགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཀྱི་ཁྱབ་ཁོངས་སོ་སོར་གནས་པའི་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ལ་གྲལ་བཤེར་དང་དག་ཐེར་ཆེན་པོ་བྱས་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དང་གཏེར་རིའི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་པ་གསར་གཏོད་བཅས་ལ་ཚད་ཐིག་གསར་པ་བཟོས།

        ཡངས་པའི་མཚོ་སྔོན་གྱི་འཛིན་མའི་གཞི་རུ་བསྐྱོད་པའི་ང་ཚོས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་དང་འབྲེལ་ནས་བྱུང་བའི་གཡུར་ཟའི་འབྲས་བུ་བླངས་པ་ཤེས་ཚེ་དགའ་སྤྲོ་ཚད་མེད་སྐྱེས། ད་ལྟ་མཚོ་སྔོན་ནི་མིང་དོན་མཚུངས་པའི་སྐྱེ་ཁམས་ཞིང་ཆེན་དུ་གྱུར་བ་དང་། ལྷག་པར་རྨ་ལྷོའི་སྔོ་ཞིང་བསངས་པའི་མཁའ་དབྱིངས་དང་། དྭངས་ཤིང་གཙང་བའི་ཆབ་རྒྱུན། གཡུ་ལོས་བསྟིམས་པའི་རྩྭ་ཐང་སོགས་ནི་ལྟ་ན་སྡུག་པའི་མཛེས་ལྗོངས་སུ་གྱུར་པས། སྔ་ན་མེད་པའི་ཆོད་སེམས་དང་སྟོབས་ཤུགས་བསྐྱེད་དེ་སྐྱེ་ཁམས་ཁོར་ཡུག་ལ་ཏན་ཏན་ཏིག་ཏིག་གིས་སྲུང་སྐྱོང་བྱས་ནས་བློ་བརྟན་འགྱུར་མེད་ངང་“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟ་སྲུང་བའི་ལས་འགན་ལེགས་པོར་བསྒྲུབས།

        ལིན་ཀྲན་ཞིང་གིས་འདི་སྐད། སྐྱེ་ཁམས་མཛའ་མཐུན་གྱི་འབྲེལ་བ་འཛིན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པས་འོས་སུ་བབ་པའི་རྒྱལ་ཁབ་དང་། མི་རིགས། ཕྱི་རབས་པ་རྣམས་ཀྱི་ལོ་རྒྱུས་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཕྲག་ཏུ་ཁུར་ཏེ། སྔོ་ཞིང་གཙང་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་རི་དང་འཁྱགས་རོམ་ཡང་གསེར་རི་དངུལ་རི་ཡིན་པའི་བསམ་བློ་ཡལ་བར་མི་འདོར་བར་སྐྱེ་ཁམས་སྲུང་སྐྱོབ་སྔོན་སྤེལ་རྒྱུན་འཁྱོངས་དང་། ཐོན་ལས་དང་དཔལ་འབྱོར་སོགས་བྱེད་སྒོ་ཡོད་ཚད་ཀྱིས་སྐྱེ་ཁམས་ལེགས་སྤེལ་ལ་ཕན་པའི་ལས་རྒྱུན་བསྐྱངས་ཐོག ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་མཐོ་ས་བསྐྲུན་དགོས་ཟེར།

དམིགས་ཡུལ་གསལ་བོ་གཏན་ལ་ཕབ་ནས་དེའི་ཕྱོགས་ལ་འབད་འབུངས་བྱེད་བཞིན་ཡོད།

        ལིན་ཀྲན་ཞིང་གིས་འདི་སྐད། རྨ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ལས་ཁུངས་ཀྱིས་ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བྱེད་པ་དེ་དེང་ཕྱིན་གྱི་དུས་སྐབས་ཤིག་ནང་གི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་དུ་བརྩིས་ཏེ། ‘སྔོ་ཞིང་གཙང་བའི་རི་ཆུ་ནི་གསེར་རི་དང་དངུལ་རི’ཡིན་པའི་བསམ་བློ་དར་སྤེལ་དང་། འབག་བཙོག་འགོག་བཅོས་ཀྱི་འཐབ་རགས་རྩ་གཏོར་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ཁ་ཕྱོགས་ལེགས་བསྒྱུར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕེལ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་མུ་མཐུད་དུ་བསྐང་རྒྱུ་མ་ཟད། སྐྱེ་ཁམས་དཔལ་ཡོན་དར་སྤེལ་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། མིའི་འཚོ་སྡོད་ཁོར་ཡུག་ཡག་བཟོ་ལ་ཤུགས་བསྣན་ནས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་ལས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མང་ཚོགས་ཀྱི་ལོངས་སྤྱོད་དུ་བསྒྱུར་ནས་རི་ཆུ་མཛེས་པའི་རྨ་ལྷོ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་རྒྱུ།

        ལིན་ཀྲན་ཞིང་གིས་རྨ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་ལེགས་བསྒྱུར་སྤྱིའི་དམིགས་འབེན་དང་། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་འགན་སྲུང་བྱ་བར་རྐང་འཛུགས་སར་བཟུང་སྟེ། རྩེ་ཁོག་རྫོང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དུ་བསྐྲུན་པར་བརྩོན་ལེན་དང་། རེབ་གོང་གྲོང་ཁྱེར་དང་གཅན་ཚ་རྫོང་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དུ་བསྒྱུར་བའི་ལས་འགོ་བསླངས་རྒྱུ། ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཡུལ་ཚོ་དང་གྲོང་རྡལ། གྲོང་ཚོར་ཅི་ནུས་གང་ཐུབ་ཀྱིས་སྙན་ཞུ་རྒྱག་རྒྱུ། ཁུལ་ཡོངས་ནས་ཞིང་གྲོང་གི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་། འགྱིག་འགོག་རྣམ་གྲངས་གསུམ་གྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ། “འགག་སྒོ་མཐའ་གཅིག་ཏུ་གཏོར་བ”ནས“རྩ་བ་ནས་གཏོར་བའི”ཕྱོགས་སུ་བསྒྱུར་ཏེ། སྔོ་བསངས་ནམ་མཁའ་དང་། དྭངས་ཤིང་གཙང་བའི་ཆུ་བོ། དག་ཞིང་ལ་འདྲེན་པའི་ཁོར་ཡུག་ལེགས་པོར་བསྲུང་རྒྱུ། ཁོར་ཡུག་གི་ཉེན་བརྡའི་ནང་རྐྱེན་ལམ་ལགས་དང་ཁོར་ཡུག་གི་གནད་དོན་ཞིབ་བཤེར་ཆེན་པོ་དང་དག་ཐེར་ཆེན་མོའི་ནང་རྐྱེན་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲིལ་སྒྲོག་ཆེན་མོའི་ནང་རྐྱེན་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་འགན་འདེད་ཀྱི་ནང་རྐྱེན་ལམ་ལུགས་བཅས་བཙུགས་ཏེ། རིམ་ཁག་ཁོར་ཡུག་སྲུང་སྐྱོབ་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཤུགས་ཆེན་གཏང་རྒྱུ། ཁོར་ཡུལ་གི་གནད་དོན་ལྟ་ཞིབ་དག་ཐེར་དང་། སྐྱེ་ཁམས་ཁོར་ཡུག་གི་ལས་གཞི་སྙན་སེང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ནུས་པ་དར་སྤེལ་སོགས་ཕྱོགས་ལྔའི་ལས་དོན་གལ་ཆེན་དམ་འཛིན་བྱས་ཏེ། ས་རྒྱུ་འབག་བཙོག་བཀོག་བཅོས་ཀྱི་ཆེད་དོན་བྱ་འགུལ་དང་། སྲ་གཟུགས་སྙིགས་རོའི་མི་མངོན་གནོད་འཚེ་ཞིབ་བཤེར་ཆེད་དོན་བྱ་འགུལ། རླུང་ཁམས་ཆེན་མོའི་འབག་བཙོག་དང་བྱེ་རྡུལ་འགོག་བཅོས་ཆེད་དོན་བྱ་འགུལ། རྨ་ཆུ་འབབ་རྒྱུད་ཀྱི་བཙོག་འབུད་བཅོས་སྐྱོང་ཆེད་དོན་བྱ་འགུལ། འབུད་བསྐྱུར་འཐུས་ཡིག་ལག་བསྟར་བྱས་ཚུལ་ལ་ཆེད་དོན་ཞིབ་བཤེར། “ཕབ་ལྗང”གི་ཆེད་དོན་བྱ་འགུལ་བཅས་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྔར་ལས་སྤུས་ལེགས་ཤིང་། ཆུ་ཚད་མཐོ་བ། ཚད་གཞི་མཐོ་ཤོས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏང་རྒྱུ་ཞེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1