ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-21


        ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པ་ཐེ་ལན་གྱི་པང་ཁོག་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་འགོ་བརྗོད་དུ《མཐུན་སྒྲིལ་མཉམ་ལས་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

        ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ནི་ང་ཚོ་གཞིས་ཆགས་ས་ཡིན་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་འབྱུང་ཁུངས་ཤིག་ཀྱང་རེད། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བྱས་རྗེས་ངོ་མཚར་ཅན”བཏོད་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་སྔ་ས་ནས་མི་སེམས་ལ་ཟུག་ཡོད། ད་ལྟ། འཛམ་གླིང་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་གནས་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གནས་བབ་སྔར་ལས་གལ་ཆེ་ཞིང་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡོད། དུས་བབ་གསར་པའི་འོག ང་ཚོས་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་འོད་སྟོང་གསར་པ་སླར་ཡང་འབར་བར་བྱེད་དགོས།

        གཅིག རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ནས་ཞི་བདེ་བརྟན་ལྷིང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྐྲུན་དགོས། གཉིས། སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་ཀྱིས་ཐུན་མོང་འབྱོར་ཕྱུག་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྐྲུན་དགོས། གསུམ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྐྲུན་དགོས། བཞི། ལས་དབང་གཅིག་མཐུན་མཐའ་འཁྱོངས་ཀྱིས་ལྟ་རེས་སྐྱོང་རེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྐྲུན་དགོས།

        ཟླ་གོང་མར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཀྲུང་གོའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་འཆར་གཞི་བཀོད་ཡོད། ཀྲུང་གོས་རྒྱལ་ཁབ་ཡོད་ཚད་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཞི་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་གཏོང་འདོད་ཡོད། ཀྲུང་གོས་གཞི་ཁྱོན་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་མཐའ་འཁྱོངས་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་བཙུགས་ནས་འཛམ་གླིང་དང་ལྷག་པར་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་མཉམ་སྤྱོད་བྱ་རྒྱུ་ཡིན།

        ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པ་ཐེ་ལན་གྱི་པང་ཁོག་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་འགོ་བརྗོད་དུ《མཐུན་སྒྲིལ་མཉམ་ལས་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

        ཞི་ཅིན་ཕིང་ཚོགས་རར་འབྱོར་སྐབས་ཐེ་ལན་གྱི་ཙུང་ལི་པཱ་ཡུས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད།

        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ནི་ང་ཚོ་གཞིས་ཆགས་ས་ཡིན་ལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་འབྱུང་ཁུངས་ཤིག་ཀྱང་རེད། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བྱས་རྗེས་ངོ་མཚར་ཅན”བཏོད་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་སྔ་ས་ནས་མི་སེམས་ལ་ཟུག་ཡོད། ད་ལྟ། འཛམ་གླིང་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་གནས་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གནས་བབ་སྔར་ལས་གལ་ཆེ་ཞིང་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡོད། དུས་བབ་གསར་པའི་འོག ང་ཚོས་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་འོད་སྟོང་གསར་པ་སླར་ཡང་འབར་བར་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་གྲོས་འགོ་འགའ་བཏོན་གནང་བ་སྟེ།

        གཅིག རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ནས་ཞི་བདེ་བརྟན་ལྷིང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྐྲུན་དགོས། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བ་ལས་བློ་སྒོ་གལ་ཆེན་ཕྱེ་བ་ཞིག་ནི་ཕན་ཚུན་བརྩི་འཇོག་དང་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། དོན་དག་འཕྲད་སྐབས་ཚང་མས་གྲོས་བསྡུར་བྱས་ནས་བསྒྲུབས་ཏེ་མཐུན་ཆ་ཆེ་ཤོས་འཚོལ་དགོས་རྒྱུ་དེ་རེད། ང་ཚོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་འགྲོ་ལམ་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་བརྩི་འཇོག རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་བདེ་འཇགས་ལ་དོ་ཁུར་བྱེད་པར་མཐོང་ཆེན། གླེང་མོལ་དང་གྲོས་མོལ་གྱི་ཞི་བའི་ཐབས་ལ་བརྟེན་ནས་རྒྱལ་ཁབ་དབར་གྱི་ཕྱོགས་འགལ་དང་རྩོད་གཞི་ཐག་གཅོད་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་འགན་སྲུང་བྱེད་དགོས།

        གཉིས། སྒོ་འབྱེད་ཁོང་ཡངས་མཐའ་འཁྱོངས་ཀྱིས་ཐུན་མོང་འབྱོར་ཕྱུག་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྐྲུན་དགོས། ང་ཚོས་སྒོ་འབྱེད་པའི་ས་ཁོངས་རིང་ལུགས་མཐའ་འཁྱོངས་ཀྱིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་། ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་སྔར་བས་དམ་ཚགས་གཏོད་པ། ཉོ་ཚོང་དང་མ་དངུལ་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད། ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་གོམ་སྟབས་བརྟན་པོས་སྐུལ་སྤེལ་བཅས་བཏང་སྟེ་ཆུ་ཚད་མཐོ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་སྔ་ཙམ་སྐྲུན་ཐུབ་པར་བྱེད་དགོས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་དང་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ཁྱོན་ཡོངས་དང་སྤུས་ཚད་མཐོ་པོས་ལག་ལེན་བསྟར་ནས《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དང《གྲངས་འཛིན་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལ་ཞུགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ས་ཁོངས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། དུས་སང་ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གཉེར་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དར་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པའི་ཐད་བསམ་བློ་གཏོང་གི་ཡིན།

        གསུམ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྐྲུན་དགོས། ང་ཚོས་དཔལ་འབྱོར་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ནུས་རྒྱུའི་ཐོན་ཁུངས་དང་། ཐོན་ལས་གྲུབ་ཆ། འཛད་སྤྱོད་གྲུབ་ཆ་བཅས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོཌ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྐྱེ་དངོས་རྒྱུན་འཁོར་དང་ལྗང་མདོག་དཔལ་འབྱོར་གྱི་པང་ཁོག་དམིགས་ཚད་དོན་འཁྱོལ་ལ་རྒྱབ་སྐྱོར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་གི་ཡིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཧུར་ཐག་ཞུཌ་ནས་དབུལ་པོ་ཉུང་གཏོང་དང་། འབྲུ་རིགས། ནུས་རྒྱུ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་དགའ་བསུ་ཞུ་གི་ཡིན།

        བཞི། ལས་དབང་གཅིག་མཐུན་མཐའ་འཁྱོངས་ཀྱིས་ལྟ་རེས་སྐྱོང་རེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སྐྲུན་དགོས། ང་ཚོས་འཐབ་ཇུས་དང་ཕུགས་ཕན་གྱི་མིག་རྒྱང་ལ་བརྟེན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་ལྟ་དགོས་པ་དང་ས་ཁོངས་མཉམ་ལས་བྱེད་རིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཐབས་ལམ་གཙོ་བོའི་གནས་བབ་སྲུང་སྐྱོང་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྲུང་སྐྱོང་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དམིགས་ཡུལ་དང་རྩ་དོན་མཐའ་འཁྱོངས་ཀྱིས་ཕན་ཚུན་ཡིད་ཆེས་དང་། བསྟུན་མཁས། མཉམ་ལས། གཉིས་ཁེ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ་དང་། ཁྱིམ་ཚང་ཆེན་པོའི་སྙིང་སྟོབས་དར་སྤེལ་དང་། ཕྱར་བ་གྲུ་འདེགས། ལྟ་རེས་སྐྱོང་རེས་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་དགོས།

        ཞི་ཅིན་ཕིང་གིས། ཟླ་གོང་མར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཀྲུང་གོའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་འཆར་གཞི་བཀོད་ཡོད། ཀྲུང་གོས་རྒྱལ་ཁབ་ཡོད་ཚད་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཞི་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་གཏོང་འདོད་ཡོད། ཀྲུང་གོས་གཞི་ཁྱོན་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་མཐའ་འཁྱོངས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་དུ་མཐའ་འཁྱོངས་ཀྱིས་བསྐྱོད་དེ་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་བཙུགས་ནས་འཛམ་གླིང་དང་ལྷག་པར་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་མུ་མཐུད་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

        མཇུག་ཏུ་ཞི་ཅིན་ཕིང་གིས་ས་བོན་གང་ཞིག་བཏབ་པ་ཡིས། འབྲས་བུ་གང་ཞིག་སྨིན་པར་འགྱུར་ཞེས་པའི་ཐེ་ལན་གྱི་གཏམ་དཔེ་ནང་བཞིན་ང་ཚོས་མཉམ་དུ་པུ་ཐེ་ལ་ཅ་ཡའི་རེ་སྨོན་གྱི་ས་བོན་བཏབ་ཡོད་པས་དེར་བློ་ཞིབ་མོས་འདེབས་གསོ་དང་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཐུན་མོང་འཕེལ་རྒྱས་ཀྱི་དར་རྒྱས་མེ་ཏོག་བཞད་པར་བྱེད་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1