༄༅།། བེད་སྤྱོད་བྱས་རྗེས་ཀྱི་ཁ་ཐུམ་ཐག་གཅོད་ཇི་ལྟར་བྱེད་དམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-21



        བེད་སྤྱོད་བྱས་རྗེས་ཀྱི་ཁ་ཐུམ་ཐག་གཅོད་ཇི་ལྟར་བྱེད་དམ་ཞེ་ན། དྲ་ཐོག་ཏུ་བེད་སྤྱོད་བྱས་རྗེས་ཀྱི་ཁ་ཐུམ་མེར་བསྲེགས་པའམ་ཡང་ན་དྲས་ནས་དུམ་བུར་གཏོང་བ་སོགས་ཀྱི་ཐག་གཅོད་བྱེད་ཐབས་འགའ་ཁྱབ་བཞིན་ཡོད། ཡིན་ནའང་། བྱེད་ཐབས་དེ་དག་ཡང་དག་ཡིན་མིན་ལ། དེ་རིང་། ང་ཚོས་མཉམ་དུ་རྒྱུས་ལོན་ཐེངས་ཤིག་བྱེད།

        གཅིག ཡང་དག་མིན་པའི་ཐག་གཅོད་བྱེད་ཐབས་འགའ།

     ཀ ཆུ་ཁོལ་མས་སྦོང་བ།

        དུག་སེལ་བྱེད་པ་ལ་བསྟུད་མར་དྲོད་ཚད་མཐོ་བའི་ཆ་རྐྱེན་དགོས་པ་དང་། བེད་སྤྱོད་བྱས་པའི་ཁ་ཐུམ་ལ་ཆུ་ཁོལ་མས་སྦོངས་པ་ཙམ་གྱིས་ནད་སྲིན་ཁ་ཤས་མ་གཏོགས་རྩ་མེད་དུ་གཏོང་མི་ཐུབ།

    ཁ། མེ་ལ་སྲེག་པ།

        བེད་སྤྱོད་བྱས་པའི་ཁ་ཐུམ་མེ་ལ་བསྲེགས་ན། ཁོར་ཡུག་བཙོག་བཟོ་བྱེད་པའི་མི་ཚད། ད་དུང་བདེ་འཇགས་ལ་མངོན་མེད་རྐྱེན་ངན་ཡང་བཟོ་བ་ཡིན།

    ག དྲས་ནས་དུམ་བར་བཏང་རྗེས་གཡུག་པ།

དྲས་ནས་དུམ་བུར་བཏང་བའི་ཁ་ཐུམ་མི་གཞན་པས་ཕྱིར་བསྡུས་ཏེ་ཡང་བསྐྱར་སྤྱོད་པ་ལ་སྔོན་འགོག་བྱེད་ཐུབ་ནའང་། ཁ་ཐུམ་འདྲ་བའི་གོ་རིམ་ནང་དུ། དེའི་ཐོག་གི་ནད་སྲིན་རང་ཉིད་ལ་འགོ་བའི་ཉེན་ཁ་ཆེན་པོ་ཡོད།

    གཉིས། བེད་སྤྱོད་བྱས་པའི་ཁ་ཐུམ་ཐག་གཅོད་ནུས་ལྡན་ཇི་ལྟར་བྱེད་དམ།

 ཀ སྨན་བཅོས་སྡེ་ཁག་ཏུ་ཡོད་དུས།

    བེད་སྤྱོད་བྱས་པའི་ཁ་ཐུམ་ཐད་ཀར་སྨན་བཅོས་གད་སྙིགས་ཀྱི་ཁུག་མའི་ནང་དུ་འཕེན་པ་དང་། དེ་ཉིད་སྨན་བཅོས་གད་སྙིགས་ལ་བརྩིས་ཏེ་ཆེད་ལས་ཐག་གཅོད་སྡེ་ཁག་གིས་ཕྱོགས་བསྡུས་ཐག་གཅོད་བྱེད་པ་ཡིན།

 ཁ རྒྱུན་ལྡན་གྱི་མི་ལ་མཚོན་ན།

    བེད་སྤྱོད་བྱས་པའི་ཁ་ཐུམ་ལ་ཉེན་ཁ་དེ་འདྲ་མེད་པས། ཐད་ཀར་གད་སྙིགས་སྒམ་གྱི་ནང་དུ་འཕངས་ནས་ཐག་གཅོད་བྱས་ཆོག

 ག འགོས་ནད་ཕོག་པ་འདྲ་བའི་མི་ཡིན་ན།

        སྨན་བཅོས་བྱེད་སྐབས་སམ་ཡང་ན་བརྟག་དཔྱད་ཐག་གཅོད་བྱེད་དུས། བེད་སྤྱོད་བྱས་པའི་ཁ་ཐུམ་དེ་འབྲེལ་ཡོད་ལས་སྒྲུབ་མི་སྣ་ལ་སྤྲད་ནས་སྨན་བཅོས་གད་སྙིགས་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས།

 ང་། ཚ་རྒྱས་པ་དང་གློ་ལུ་བ། ཧད་སྦྲིད་རྒྱག་པ་སོགས་ཀྱི་ནད་རྟགས་ཡོད་པའི་མིའམ་ཡང་ན་གོང་གསལ་ནད་རྟགས་ཡོད་པའི་མི་ལ་འབྲེལ་འདྲིས་བྱས་མཁན་ཡིན་ན།

        བེད་སྤྱོད་བྱས་པའི་ཁ་ཐུམ་དེ་གད་སྙིགས་སྒམ་གྱི་ནང་དུ་འཕངས་རྗེས། 84དུག་སེལ་སྨན་ཆུ་སྤྱད་ནས་ཐག་གཅོད་བྱ་དགོས། གལ་ཏེ། དུག་སེལ་སྨན་ཆུ་མེད་ན། འགྱིག་ཁུག་སོགས་ཀྱི་ནང་དུ་བཅུག་སྟེ་ཁ་དམ་པོར་བསྡམས་རྗེས་གད་སྙིགས་སྒམ་གྱི་ནང་དུ་འཕངས་ཆོག

        གསུམ། ད་དུང་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ།

    མི་གཞན་པས་བེད་སྤྱོད་བྱས་མྱོང་བའི་ཁ་ཐུམ་ལ་ཐུག་རེག་མི་བྱེད་པ་དང་། ཁ་ཐུམ་བེད་སྤྱོད་བྱས་རྗེས། ཐད་ཀར་རྒྱབ་ཁུག་དང་གློ་ཁུག་གི་ནང་དུ་འཇོག་མི་རུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1