སི་ཁྲོན་གྱི་རིམས་ནད་གནས་ཚུལ་གསར་ཤོས།

བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-25


སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་གནས་ཚུལ་གསར་ཤོས།

(ཟླ་11པའི་ཚེས་24ཉིན་བསྒྲགས)


        ཟླ་11པའི་ཚེས་23ཉིན་གྱི་ཆུ་ཚོད་0ནས་24བར་གྱི་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར།

        ཕྱི་རྒྱལ་ནས་ཡོང་བའི་ནད་པ་11གསར་དུ་འཕར་ཡོད། (ཚང་མ་ཁྲེང་ཏུའུ་ནས་ཡིན)དེའི་ཁྲོད་གཏན་འཁེལ་ནད་པ་5དང་ནད་རྟགས་མེད་པའི་ནད་པ་6ཡོད།

        ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་བའི(ཕྱིར་ལོག)ནད་པ་224གསར་དུ་འཕར་ཡོད། དེའི་ཁྲོད་གཏན་འཁེལ་ནད་པ་18དང་། ནད་རྟགས་མེད་པའི་ནད་པ་206ཡོད།

        ཞིང་ཆེན་ནང་ཁུལ་དུ་ནད་པ་1050གསར་དུ་འཕར་ཡོད། དེའི་ཁྲོད་གཏན་འཁེལ་ནད་པ་165བྱུང་ཡོད།(ཁྲེང་ཏུའུ་ལ་142དང་། ཏེ་དབྱང་ལ་9དང་། རྔ་བ་ལ་7དང་། ནེ་ཅང་ལ་3དང་། ཙི་ཀུང་ལ་1དང་། མེན་དབྱང་ལ་1དང་། མེ་ཧྲན་ལ་1དང་། ལིའང་ཧྲན་1བཅས་བྱུང་ཡོད)ནད་རྟགས་མེད་པའི་ནད་པ་885བྱུང་ཡོད། (ཁྲེང་ཏུའུ་རུ་367དང་། ཏེ་དབྱང་ལ་214དང་། ནེ་ཅང་ལ་50དང་། མེན་དབྱང་ལ་33དང་། རྔ་བ་ལ་29དང་། ལུའུ་ཀྲོའུ་ལ་26དང་། དབྱི་པིན་ལ་22དང་། ལེ་ཧྲན་ལ་19དང་། མེ་ཧྲན་ལ་19དང་། པ་ཀྲུང་ལ་17དང་། ཏ་ཀྲོའུ་ལ་ལ16དང་། ཀོང་ཡོན་ལ་15དང་། ལིའང་ཧྲན་ལ་12དང་། སུའེ་ཉིང་ལ་10དང་། ནན་ཁྲང་ལ་10དང་། ཙི་དབྱང་ལ་9དང་། ཙི་ཀུང་ལ་8དང་། ཀོང་ཨན་ལ་8དང་། ཕན་ཀྲི་ཧྭ་ལ་1བཅས་བྱུང་ཡོད)

        གཞན་ཡང་སྔར་གྱི་ནད་རྟགས་མེད་པའི་ནད་པ་12གཏན་འཁེལ་ནད་པ་རུ་གྱུར། དེའི་ཁྲོད་ཕྱི་རྒྱལ་ནས་འོང་བའི་ནད་པ་1དང་།(ཁྲེང་ཏུའུ་ནས་ཡིན)ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་བའི(ཕྱིར་ལོག)ནད་པ་2དང་། ཞིང་ཆེན་ནང་ཁུལ་དུ་ནད་པ་9བྱུང་ཡོད།(མེན་དབྱང་ལ་3དང་། ཁྲེང་ཏུའུ་ལ་2དང་། ཏེ་དབྱང་ལ་1དང་། ནེ་ཅང་ལ་1དང་། མེ་ཧྲན་ལ་1དང་། ལིའང་ཧྲན་ལ་1བཅས་བྱུང་ཡོད)

        ནད་པ་54གསར་དུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་སྒོར་བུད་ཡོད། དོགས་ཡོད་ནད་པ་དང་ཚེ་ལས་འདས་མཁན་བྱུང་མེད།

(གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པའི་ཞིབ་ཕྲའི་གནས་ཚུལ་ནི་འབྲེལ་ཡོད་གྲོང་ཁྱེར(ཁུལ)གྱི་འཕྲོད་བསྟེན་བདེ་ཐང་ཨུ་ནས་བརྡ་ཁྱབ་གཏོང་བ་རེད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1