མཛོད་དགེའི་དཔལ་སྐྱིད་གྲོང་རྡལ་དུ་ཚོགས་ཆེན20པའི་དགོངས་དོན་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཉིན་རེའི་ཚགས་པར། སྤེལ་དུས། 11-25




མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་ནས་རིག་རྩལ་དང་གཞུང་ལུགས་སྒྲོག་འགྲེལ་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཀུན་ལ་བསྒྲགས།

        བགྲོད་ལམ་གསར་པར་འབད་པས་བསྐྱོད་ཅིང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་ཆེད། ཟླ་11ཚེས་22ཉིན། མཛོད་དགེ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས་དཔལ་སྐྱིད་གྲོང་རྡལ་དུ་བསྐྱོད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ།

        བྱེད་སྒོར་སྒྲོག་འགྲེལ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པར་གོ་བ་གཏིང་ཟབ་ལེན་པའི་དོན་སྙིང་གལ་ཆེན་དང་བརྗོད་དོན་གཙོ་བོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ངེས་པར་གསུམ་གྱི་བླང་བྱ། འདས་པའི་ལོ་5ཡི་ལས་དོན་དང་དུས་རབས་གསར་པའི་ལོ་10ཡི་འཕོ་འགྱུར་རླབས་ཆེན་གྱི་དོན་སྙིང་གལ་ཆེན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཛམ་གླིང་ལྟ་བ་དང་ཐབས་ལམ་སྨྲ་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལས་འགན། རང་ཉིད་གསར་བརྗེ་རླབས་ཆེན་གྱིས་སྤྱི་ཚོགས་གསར་བརྗེ་རླབས་ཆེན་ལ་ཁྲིད་སྟོན་བྱེད་པའི་བླང་བྱ་གལ་ཆེན། ངེས་བརྒྱུད་ལམ་བུ་ལྔ་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་བླང་བྱ་བཅས་ཕྱོགས་དགུའི་སྐོར་ནས། མཛོད་དགེའི་དོན་དངོས་གནས་ཚུལ་དང་འབྲེལ་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ཀློག་འགྲེལ་དང་རྒྱས་འགྲེལ་ཟབ་མོར་གནང་བར་མ་ཟད། དཔེ་དོན་དང་འབྲེལ་ཏེ་དྲིལ་བསྒྲགས་དང་སྒྲོག་འགྲེལ་སྒོས། རོང་འབྲོག་མང་ཚོགས་ལ་གོ་སླ་ཞིང་འཛིན་ཐུབ་ལ་རྟོགས་ཐུབ་ཏུ་བཅུག །

        སྒྲོག་འགྲེལ་ཚོགས་འདུའི་རྗེས་སུ་ཐུན་མིན་གྱི་རིག་རྩལ་འཁྲབ་སྟོན་གྱིས་ཡུལ་དངོས་ཀྱི་ལྟད་མོ་བའི་མིག་དབང་འཕྲོག །ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནི། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་ཞིང་ས་གནས་ཀྱི་གནས་ཚུལ་དང་མཐུན་ལ། སེམས་སུ་འཇགས་སླ་བ་བཅས་ཀྱི་སྒོ་ནས་བརྒྱུད་སྒྲོག་སྒོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེར་དཀྱུས་མའི་ཁྱིམ་དུ་བསྒྲགས་ཏེ།  གཞི་རིམ་དུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་སྐུལ་འདེད་བཏང་།

        ཉིན་ཤས་རིང་མཛོད་དགེ་རྫོང་གིས་རིག་རྩལ་དང་གཞུང་ལུགས་སྒྲོག་འགྲེལ་ཟུང་འབྲེལ་རྣམ་པས། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སྒྲོག་འགྲེལ་སྒོས། གཞུང་ལུགས་དང་མང་ཚོགས་བར་དང་། སྲིད་ཇུས་དང་མི་སེར་བར་ལ་འབྲེལ་ཟམ་བསྐྲུན་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱས་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་བོར་བསྐྱལ་ཏེ། ངོ་མཚར་ཆེ་བའི་རིག་གནས་བྱེད་སྒོའི་ཁྲོད། རྒྱུན་མི་ཆད་པར་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་ཆེར་བཏང་།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1