༄༅།། རིམས་འགོག་རྒྱ་སྡོམ་སྡེ་ཁུལ་གློད་ན། རྗེས་ཀྱི་བདེ་ཐང་བརྟག་འཇལ་དང་འགོག་སྲུང་ཇི་ལྟར་བྱེད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-28



        ཉེ་ཆར། རིམས་འགོག་རྒྱ་སྡོམ་སྡེ་ཁུལ་ཁ་ཤས་བསྟུད་མར་གློད་ཡོད་ནའང་། “རྒྱ་སྡོམ་གློད་པ”ནི“འགོག་སྲུང་གློད་པ”དང་མི་འདྲ་བས། རྗེས་ཀྱི་བདེ་ཐང་བརྟག་འཇལ་ལེགས་པོར་བྱེད་པ་ནི་ཧ་ཅང་གལ་ཆེ་བ་དང་། མུ་མཐུད་དུ་འགོག་ཟོན་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་མི་སྒེར་གྱི་འགོག་སྲུང་ལ་སྐད་ཅིག་ཙམ་དུའང་ལྷོད་གཡེང་བྱེད་མི་རུང་།

 གཅིག ལུས་པོའི་བདེ་ཐང་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་པ།

        ཀ གལ་ཏེ་ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། མིད་པ་ན་བ། སྣ་དབང་དང་ལྕེ་དབང་གི་ནུས་པ་ཇེ་ཞན་དུ་འགྲོ་བ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ལས་གང་རུང་བྱུང་ཚེ། གཏན་འབེབས་ལྟར་དུས་ཐོག་ཏུ་སྨན་པར་སྟོན་པ་དང་། སྨན་ཁང་དུ་འགྲོ་དུས་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་བརྒྱག་དགོས་པའི་མི་ཚད། སྤྱི་སྤྱོད་རླངས་འཁོར་ལ་འདུག་མི་རུང་།

        ཁ། སྨན་པས་བཀའ་འདྲི་བྱེད་དུས། རང་གི་ཉེ་དུས་ཀྱི་འགྲོ་སྐྱོད་གནས་ཚུལ་དང་ལུས་པོ་རྒྱུན་ལྡན་མིན་པའི་གནས་ཚུལ་སོགས་སྦ་གསང་ཅི་ཡང་མེད་པར་བཤད་དགོས་པ་དང་། མཆེད་ནད་རིག་པའི་བརྟག་དཔྱད་དང་ཉིང་སྐྱུར་བརྟག་འཇལ་སོགས་ཀྱི་འགོག་ཟོན་བྱེད་ཐབས་ལ་རམ་འདེགས་གང་ལེགས་བྱ་དགོས།

 གཉིས། དོན་དག་གལ་ཆེན་མེད་ན་ཕྱི་རོལ་དུ་མི་འགྲོ་བ།

        འདུ་འཛོམས་ལ་མི་ཞུགས་པ་དང་། མི་མང་ཡོད་སར་མི་འགྲོ་བ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་འདུག་རྒྱུ་ཉུང་བར་བྱེད་པ། ནུས་ཚོད་ཀྱིས་ཁྱིམ་ནས་ལས་ཁུངས་བར་གྱི་གནས་གཉིས་ལམ་གཅིག་ཡིན་པ་ཁག་ཐེག་བྱས་ཏེ་མི་གཞན་པ་དང་ཐག་ཉེ་ས་ནས་ཐུག་རེག་བྱེད་པར་གཡོལ་དགོས།

 གསུམ། ཕྱི་རོལ་དུ་འགྲོ་དུས་ཁ་ཐུམ་ཡང་དག་ངང་རྒྱག་པ།

        ཁ་ཐུམ་གྱིས་སྣ་དང་ཁ། མ་ནེ་བཅས་བཀབ་ཡོད་པ་ཁག་ཐེག་བྱ་དགོས། ཁ་ཐུམ་སྦགས་བཙོག་ཏུ་གྱུར་པ་དང་ཚུགས་ཀ་ཉམས་པ། རལ་ཧྲུལ་བྱུང་བ། དྲི་ངན་བྲོ་བ་བཅས་ཡིན་ན། དུས་ཐོག་ཏུ་གསར་བར་བརྗེ་དགོས།

 བཞི། ཁོར་ཡུག་དང་མི་སྒེར་གྱི་གཙང་སྦྲ་ལ་མཉམ་འཇོག་བྱེད་པ།

        ཀ སྡོད་གནས་དང་ལས་སྒྲུབ་ས་ཆའི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་དང་། དུག་སེལ་གཙང་སྦྲའི་བྱ་བ་ལེགས་པོར་བསྒྲུབ་དགོས།

        ཁ། ལག་པ་རྒྱུན་དུ་བཀྲུ་བ་དང་། ཧབ་སྦྲིད་རྒྱག་པའམ་ཡང་ན་གློ་ལུ་བའི་དུས། གཙང་ཤོག་གམ་ཡང་ན་ལག་པའི་གྲུ་མོ་སྤྱད་ནས་ཁ་སྣ་དགབ་དགོས་པའི་མི་ཚད། ལུད་པ་གང་སར་འཕེན་མི་རུང་།

        ག གཞུང་གིས་སྤྱོད་པའི་ཐུར་མ་སོགས་བཀོལ་བ་དང་། ཟས་བགོ་ལམ་ལུགས་ལག་བསྟར་བྱ་དགོས།

ལྔ། ཧུར་ཐག་ངང་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པ།

        གཏན་འབེབས་ལྟར་པྲོག་གསར་འགོག་སྨན་སྔ་མ་གཉིས་ཀ་བརྒྱབ་བཏང་ན། ཟླ་བ་དྲུག་གི་རྗེས་ལ། སྣོན་ཁབ་བརྒྱག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1