ཟླ་12ཚེས་4ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣས་ལོ་ཕྱེད་ལ་སླེབས་པའི་གསའ་ཞིག་རང་བྱུང་ཁམས་སུ་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གསའ་དེ་སྐྱེས་མ་ཐག་ཨ་མ་དང་ཁ་ཐོར་དུ་སོང་བ་དང་། ས་གནས་དེ་གའི་འབྲོག་པས་ཤེས་རྟོགས་བྱུང་རྗེས་ལྷུན་གྲུབ་རྫོང་སྤྱི་ཕན་རང་བཞིན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ་བསྟན་འཛིན་དར་རྒྱས་ཁྱིམ་དུ་བདག་སྐྱོང་བྱེད་པར་སྐྱེལ་བ་རེད། གསའ་ཕྲུག་དེ་དེ་གར་བདག་སྐྱོང་གང་ལེགས་བྱུང་ནས་བདེ་ཐང་ངང་འཚར་ལོངས་བྱུང་སྟེ་ཕྱི་རོལ་དུ་འཚོ་གནས་བྱེད་པའི་ནུས་པ་ལྡན་ཡོད།