ན་གོར་མོ་འདམ་རའི་འདབ་ཆགས་སྣ་ཚོགས།
དགུན་ཟླ12སླེབས་པ་དང་བསྟུན་རྩྭ་རྩི་ཏོག་ཀྱང་སྐམ་པར་གྱུར་ནས་དགུན་ཁའི་རྣམ་པ་ཤར། ཉིན་ཤས་བསྟུད་མར་ཚྭ་འདམ་གཤོང་སར་གནས་བའི་མཚོ་སྔོན་ཞིང་ཆེན་ན་གོར་མོ་འདམ་ར་ཡིས་ཀྲུང་ཧྭའི་ཆུ་བྱ་དང་། བྱ་ལོང་། ངང་དཀར། སྐྱར་མོ་རྐང་རིང་། ཆུ་སྐྱར་སྐྱ་བོ། ཁྲུང་སྐྱ་སོགས་ཀྱི་རི་སྐྱེས་འདབ་ཆགས་རིགས་དགུན་སྒྲོལ་བྱེད་དུ་བཀུག་པ་དང་། འདབ་ཆགས་དེ་དག་ཁྲོད་སྐབས་རེར་ཆུ་ངོགས་སུ་རྐྱལ་བཞིན་ཡོད་ལ། སྐབས་རེར་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་པ་རེད། དེ་དག་གི་སྙན་ཞིང་འཇབས་ལ་བག་ཕེབས་ཀྱི་རྣམ་པས་དགུན་དུས་ཀྱི་མཐོ་སྒང་གི་འདམ་ར་ལ་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་སྐྲུན་ཡོད།
ན་གོར་མོ་ནི་མཚོ་བོད་མཐོ་སྒང་གི་དབུས་རྒྱུད་དེ་ཚྭ་འདམ་གཤོང་སའི་ལྷོ་ཕྱོགས་སུ་གནས་ཤིང་། ལོ་ངོ60སྔོན་དུ་མཚོ་བོད་གཞུང་ལམ་འཛུགས་སྐྲུན་བྱས་པ་དང་བརྒྱུད་དར་རྒྱས་བྱུང་ནས། ད་ལྟ་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། ཞིན་ཅང་སོགས་ཀྱི་ཞིང་ཆེན་བཞི་ཡི་འགྲིམ་འགྲུལ་འགག་རྩའི་ས་ཚིགས་ལྟ་བུ་གྱུར་ཡོད།
ཉེ་བའི་ལོ་འགའི་རིང་། ན་གོར་མོ་གྲོང་ཁྱེར་གྱིས་ནགས་ཚལ་དང་རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་སླར་གསོ་ཐད་ཤུགས་བསྣན་ནས། བྱེད་ཐབས་སྣ་མང་སྤྱད་དེ་ས་གནས་ཀྱི་འདམ་རའི་སྲུང་སྐྱོང་སྐྱེ་ཁམས་མ་ལག་ལ་ནུས་ལྡན་གྱི་སྲུང་སྐྱོང་ཐོབ་པ་མ་ཟད། སྔར་ལས་མང་བའི་འདབ་ཆགས་རྩ་ཆེན་རིགས་དང་རི་སྐྱེས་སྲོག་ཆགས་གནས་དེར་སླེབས་ཡོད། །