ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་7ཉིན། ཕེ་རུའི་རྒྱལ་ཚོགས་ཀྱིས་ཙུང་ཐུང་གི་ནག་ཉེས་ཐེར་འདོན་གྱི་གྲོས་གཞིར་འདེམས་ཤོག་འཕངས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཚོགས་ཀྱིས་གྲོས་ཆོད་ཁྱབ་བསྒྲགས་བྱས་ནས་ཁ་སི་ཏེ་ལུའེ་ཡིས“རྩ་ཁྲིམས་དང་འགལ་ནས་རྒྱལ་ཚོགས་མེད་པར་བཟོས་པ་དང་སྤྱི་པའི་དབང་ཆ་ཧམ་འཕྲོག་བྱས་པ”དང་། “ཀུན་སྤྱོད་རྩ་ཉམས་དུ་གྱུར་པའི”དབང་གིས་ཉེས་སྐྱོན་ཐེར་འདོན་གྱིས་ལས་ཐོག་ནས་འབུད་རྒྱུ་ཡིན་ཞེས་བཤད་པ་རེད། ཉིན་དེའི་ཆུ་ཚོད་14ཙམ་ལ། ཁ་སི་ཏེ་ལུའེ་ནང་མི་དང་མཉམ་དུ་རླངས་འཁོར་ལ་བསྡད་ནས་ཙུང་ཐུང་ལས་ཤག་ནས་ཁ་བྲལ་རྗེས་ལམ་བར་དུ་ཕེ་རུའི་ཁྲིམས་འཛིན་ལས་ཁུངས་ཀྱིས་འཛིན་བཟུང་བྱས་པ་རེད།