དབུལ་བྲལ་འགག་སྒྲོལ་ལ་རོགས་སྐྱོར་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་།

ལྷ་མཚོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-14




        ཟུང་རོགས་བྱེད་སྒོ་སྤེལ་ནས་བཟུང་། རྫོང་སྲིད་གྲོས་ཨུ་ཡོན་རྣམ་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་ཕོད་པ་གསལ་བཤད་བྱས་ཡོད། ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཐད། སྔར་བས་རང་རྟོག་གི་བྱ་སྤྱོད་དང་སྔར་བས་དངོས་སྒྲུབ་ཀྱི་བྱེད་ཐབས་ཐོག་ནས་ནུས་ཤུགས་ཡོད་རྒུས་དབུལ་བྲལ་འགག་སྒྲོལ་སྲ་བརྟན་དུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏང་རྒྱུར་སྐུལ་འདེད་བཏང་བ།

        གཅིག གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བ་དང་། ཨུ་ཡོན་གྱིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱས།

        ཉེ་ཆར། རྫོང་སྲིད་གྲོས་ཨུ་ཡོན་ཚོས་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་དེ་བོད་རྒྱ་སྐད་ཡིག་གཉིས་ཀྱིས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གཟིགས་ཞིབ་ཕེབས་ནས་མཛུབ་སྟོན་གནང་བའི་གལ་ཆེ་བའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་། ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་སོགས་མང་ཚོགས་ལ་དེའི་ནང་དོན་གོ་བ་གཏིང་ཟབ་ལེན་ཐུབ་ཏུ་འཇུག་པར་བྱས་ནས།  རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ནམ་ཡང་ཏང་གི་རྗེས་སུ་འབྲང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ལས་ལ་བརྩོན་པའི་ལག་པ་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཞིང་།  གྲོང་གསེབ་དར་རྒྱས་གཏོང་རྒྱུ་གོ་སྐབས་སུ་བཟུང་ནས་ཐུན་མོང་ཕྱུག་འགྱུར་གྱི་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་རྒྱུ་བཅས་ཀྱི་ཁྲིད་སྟོན་ཧུར་ཐག་བྱས་ཡོད།  

        གཉིས། གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བ་དང་། ཨུ་ཡོན་གྱིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་བསྐྱོད་པའི་བྱེད་སྒོ་ཐོག་མར་སྤེལ། 

        ཉེ་ཆར། སྲིད་གྲོས་ཨུ་ཡོན་རྣམ་པས་འབོད་སྐུལ་གཅིག་རྗེས་གཉིས་མཐུད་ཀྱིས་དང་ལེན་ཞུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱིམ་ཚང་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། རང་གྲབས་དངོས་རྫས་བྱས་ཏེ་མཐུན་འབྲེལ་དུད་ཚང་ཁྱིམ་དུ་འཚམས་འདྲིར་ཕེབས་ནས་ཁོང་ཚོའི་ཐོན་སྐྱེད་འཚོ་བ་དང་། ལུས་ཁམས་བདེ་ཐང་། ཁྱིམ་ཚང་གི་ཡོང་འབབ་དང་གཞན་ཡང་སྨན་པ་བསྟེན་རྒྱུ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁོ་ཚོར་འཚོ་བའི་ཐད་མཁོ་བའི་དངོས་རྫས་སྐྱེལ་བ་དང་། ཁྱིམ་ཚང་རེར་སླེབས་སྐབས། ཨུ་ཡོན་ཚོས་ཁུལ་དང་རྫོང་གི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་བསྐྱོད་རྒྱུའི་གལ་ཆེ་བའི་རང་བཞིན་དང་བླང་བྱ་བརྒྱུད་བསྒྲགས་ནན་ཏན་བྱས་པ།  ཞིང་འབྲོག་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་ཁྲིད་སྟོན་བྱས་པ།  དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་མཐུད་ནུས་ལྡན་སྲ་བརྟན་དུ་གཏོང་བ་དང་། དཀའ་སྤྱད་འབད་བརྩོན་དང་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ།  བརྩོན་བསྲིས་ཁྱིམ་སྐྱོང་དང་དཀའ་སྤྱད་ལས་སྐྲུན་གྱི་འདུ་ཤེས་ས་བརྟན་དུ་བཏང་ནས།  རང་འགུལ་ངང་རྩལ་ནུས་གསོ་སྦྱོང་ནང་ཞུགས་ནས་གྲོང་གསེབ་དར་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ཐོན་ལས་དར་རྒྱས་དང་།  སྣོད་བཅུད་འཆམ་མཐུན།  ཡུལ་སྲོལ་ཡ་རབས།  འཚོ་བ་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་གིས་བསྐྲུན་པར་ཁྲིད་སྟོན་བྱས། 

        གསུམ། དབུལ་བྲལ་འགག་སྒྲོལ་ལ་རོགས་སྐྱོར་བྱས་ནས་སླར་ཡར་དབུལ་བོར་འགྱུར་བའི་ལྟ་ཞིབ་ཚད་ལེན་ལས་དོན་ནང་ཞུགས་པ།  

        སླར་ཡང་དབུལ་ཕངས་སུ་མི་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ལེགས་པར་བསྒྲུབ་ཆེད།  དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་།  ཉེ་ཆར།  སྲིད་གྲོས་ཨུ་ཡོན་གྱིས་ཤང་ཡོངས་ཀྱི་གྲོང་སྡེའི་ལས་བྱེད་འགན་ལེན་པ་དང་། གྲོང་ཚོ་དང་ཚོ་ཆུང་གི་ལས་བྱེད་པ་བཅས་ལ་གཞོགས་འདེགས་བྱས་ནས་2022ལོར་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་དང་དབུལ་པོར་བསྐྱར་དུ་འགྱུར་ཉེན་ཡོད་པའི་ཞིང་དུད་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ཞིབ་བསྡུར་བྱས་རྗེས་ཀྱི་དབྱེ་འབྱེད་གཏན་འཁེལ་གྱི་གོ་རིམ་ལེགས་སུ་བཏང་སྟེ་གསར་དུ་འཕར་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དབྱེ་འབྱེད་གཏན་འཁེལ་ལས་དོན་ཁྱོན་ཡོངས་ནས་སྤེལ། གྲོང་ཚོ་དང་དུད་ཚོང་དུ་བསྐྱོད་དེ་དྲ་སྦྲེལ་གྱི་ཚུལ་དུ་གཅིག་སྡུད་གྲལ་བཤེར་བྱས་པ་བརྒྱུད་རེ་རེ་བཞིན་ཞིབ་བསྡུས་བྱས་པ་དང་ཁྱིམ་ཚང་གི་འགྲོ་སོང་དང་། སྨན་བཅོས་འགན་ལེན།  སྡོད་ཁང་གི་འཐུང་ཆུ་དང་གཞན་ཡང་འོས་འགན་སློབ་གསོའི་སློབ་ལོ་ལོན་པའི་བྱིས་པ་དང་ལོ་ཆུང་དུས་ཁྱིམ་ཚང་ལ་དཀའ་ངལ་འཕྲད་པའི་རྐྱེན་གྱིས་སློབ་གྲྭར་འགྲོ་མཚམས་ཆད་པའི་སྣང་ཚུལ་ཐོན་ཡོད་མེད་སོགས་བསྐྱར་དུ་དབུལ་པོར་གྱུར་པའི་ཉེན་གནས་རེ་རེ་བཞིན་གྲལ་བཤེར་བྱས་ནས་ཐོ་འགོད་བྱས་ཏེ་མི་དང་དུད་ཚང་ཆད་ལུས་གཅིག་ཀྱང་མེད་པར་འགན་ལེན་བྱས་ཡོད། 

        བཞི། གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་དབུལ་སྐྱོར་འཁོར་ཁང་ལ་མཉམ་དུ་བརྟག་ཞིབ་གནང་བ། 

        ཉེ་ཆར་སྲིད་གྲོས་ཨུ་ཡོན་གྱིས་ཞིང་ཆེན་ཕྱིའི་ན་གཞོན་ལས་བྱེད་པར་རང་རྫོང་གི་སྨན་ཤོད་གྲོང་རྡལ་གྱི་དབུལ་སྐྱོར་འཁོར་ཁང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ལྷན་ཕེབས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྐབས།  སྲིད་གྲོས་ཨུ་ཡོན་ཚོས་དབུལ་སྐྱོར་འཁོར་ཁང་གི་གཉེར་སྐྱོང་བྱེད་ཚུལ་དང་། ཐོན་རྫོས་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚུལ། ལས་མི་བཀོལ་སྤྱོད་དང་དབུལ་ཕོངས་ངལ་རྩོལ་པ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱེད་པའི་གནས་ཚུལ་བཅས་གསལ་བཤད་ཞིབ་ཕྲ་བྱས་པ་མ་ཟད།  ཁོ་ཚོས་དབུལ་བྲལ་འགག་སྒྲོལ་རིང་དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་བྱས་ནས་མང་ཚོགས་དབུལ་པོ་ལས་ཞུགས་བརྟན་པོ་ཡོང་རྒྱུར་རོགས་རམ་དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་འཕར་སོགས་ཀྱི་ཐད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་གསུངས་པ་རེད། དེང་སང་དབུལ་སྐྱོར་འཁོར་ཁང་དེར་ལས་ཞུགས་རོགས་སྐྱོར་འཁོར་ཁང་གི་ཕྱོགས་ཚུལ་རིམ་འཕར་བྱེད་བཞིན་ཡོད་པས་དབུལ་བྲལ་མི་འབོར་གྱི་ལས་གནས་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུ་མ་ཟད། ད་དུང་ལས་ཕྱོད་ཀྱང་སྔར་བས་ཆེ་རུ་ཕྱིན་ཞིང་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་ལས་ཞུགས་བཟོ་གྲྭར་དང་ལས་སྐྲུན་གསོ་སྦྱོང་བཟོ་གྲྭ་ཞིག་ཏུ་འགྱུར་བ་བྱས་ཏེ།  གྲོང་གསེབ་དར་རྒྱས་དང་གྲོང་ཚོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སོན་ཤུགས་གསར་པ་བསྣན་ཡོད། 

        ལྔ། ཨུ་ཡོན་གྱིས་རིམས་འགོག་སྨན་ཁབ་རྒྱག་རོགས་བྱས་པ། 

         ཆ་རྐྱེན་དང་མཐུན་པའི་ཞིང་འབྲོག་མང་ཚོགས་ཀྱིས་རིམས་འགོག་སྨན་ཁབ་བདེ་བླག་ངང་རྒྱག་ཐུབ་པའི་ཆེད།  ཉེ་ཆར་སྲིད་གྲོས་ཨུ་ཡོན་གྱིས་ལས་གནས་ལ་གཞི་ཚུགས་ནས་དཀའ་ངལ་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་ཧུར་ཐག་བཏང་སྟེ་སྦག་སྦག་བཞོན་པ་དང་རྐང་ཐང་དུ་བསྐྱོད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་དབྱར་རུའི་དུད་ཚང་སོ་སོར་བསྐྱོད་དེ། དུས་ཐོག་ཏུ་རིམས་འགོག་སྨན་ཁབ་མ་བརྒྱབ་པའི་འབྲོག་པ་མང་ཚོགས་ལ་རིམས་འགོག་སྨན་ཁབ་བརྒྱབ་ནས་འབྲོག་པ་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱས། 

        ཟུང་རོགས་བྱེད་སྒོ་སྤེལ་བ་ནས་བཟུང་རྫོང་སྲིད་གྲོས་ཀྱིས་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ནས་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་བཏང་བ་དང་།  ཨུ་ཡོན་གྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། ཁྱོན་ཡོངས་ནས་དབུལ་བྲལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ་དང་།  གྲོང་གསེབ་དར་རྒྱས་གཏོང་བའི་བྱེད་སྒོར་སྐུལ་འདེད་བཏང་ཡོད་པ་རེད།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1