མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སྐྱེ་དངོས་སྣ་མང་ཅན་དེ་ཚོང་ལས་འཐབ་ཇུས་དང་ཇུས་གཞིའི་གཙོ་སྙིང་དུ་བྱེད་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-15


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཆེན་མོ་མུའུ་ལོས་མཱ་ཡིས་ཚེས་བཅུ་གཉིས་ཉིན་ཁཱ་ནཱ་ཏཱའི་མིན་ཐི་ལེ་ཨར་ནས། རྒྱལ་ཁབ་སོ་སོའི་ཚོང་དོན་ཁེ་ལས་དག་གིས་སྐྱེ་དངོས་སྣ་མང་ཅན་དང་འབྲེལ་བའི་རྒྱུ་རྐྱེན་དེ་ཚོང་ལས་འཐབ་ཇུས་དང་ཇུས་གཞིའི་གཙོ་སྙིང་དུ་བྱེད་དགོས་པའི་འབོད་སྐུལ་བཏང་།

        སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་རིམ་གཉིས་པའི་གྲོས་ཚོགས་སྐབས་སུ་སྤེལ་བའི་ཚོང་ལས་དང་སྐྱེ་དངོས་སྣ་མང་ཅན་གྱི་གླེང་སྟེགས་ནས། མུའུ་ལོས་མཱ་ཡིས་ཁེ་ལས་ལས་རིགས་ཀྱི་སྐབས་འདིའི་གྲོས་ཚོགས་སྟེང་གི་རྣམ་འགྱུར་བཟང་བོ་དང་། ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྒྲོམ་གཞིའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་བའི་ཐད་མངོན་པའི་རྣམ་འགྱུར་བཟང་བོར་གཟེངས་བསྟོད་བྱས།

        མུའུ་ལོས་མཱ་ཡིས་བཤད་རྒྱུར། སྒྲོམ་གཞིའི་གྲོས་མཐུན་འགོད་པ་དེ་སྲིད་གཞུང་གི་དོན་དག་ཁོ་ན་ཙམ་མ་ཡིན་པར་ང་ཚོ་མི་ཚང་མར་འབྲེལ་བའི་དོན་ཞིག་ཡིན། ཁེ་ལས་དག་གིས་ད་ལྟ་མྱུར་དུ་འགུལ་སྐྱོད་སྤེལ་རྒྱུ་གལ་འགངས་ཧ་ཅང་ཆེ་བ་དང་། ཡོད་ཚད་སྔར་སྲོལ་རྒྱུན་འཛིན་བྱེད་པ་དེ་གདམ་གསེས་ཤིག་མིན་ཟེར།

        ཚོང་ལས་དང་སྐྱེ་དངོས་སྣ་མང་ཅན་གྱི་གླེང་སྟེགས་དེ་ཚེས་བཅུ་གཉིས་ཉིན་སྤེལ་མགོ་བརྩམས་པ་དང་། ཚོགས་ཡུན་ཉིན་གཉིས་ཡིན་ལ། གཙོ་བོ་སྒྲོམ་གཞིའི་གྲོས་མཐུན་དང་འབྲེལ་བའི་དམིགས་འབེན་དང་དམིགས་ཚད་ལ་དམིགས་ཏེ། སྲིད་ཇུས་གཏན་འབེབས་མཁན་དང་ཚོང་ལས་ཀྱི་གཙོ་འཛིན། དངུལ་ལོར་སྡེ་ཁག ཁེ་ཕན་གྱི་འབྲེལ་བ་ཡོད་པའི་ཕྱོགས་སོ་སོ་གདན་ཞུ་བྱས་ཏེ། སྐྱེ་དངོས་སྣ་མང་ཅན་དེ་ཚོང་ལས་ཐབས་ཇུས་དང་ལྷད་མེད་རིན་ཐང་མུ་འབྲེལ། རྒྱུན་མཐུད་བེད་སྤྱོད། སྐྱེ་དངོས་སྣ་མང་ཅན་གྱི་དངུལ་གསོག་སོགས་ཁྱབ་ཁོངས་ལ་འབྲེལ་བའི་གྲོས་གཞི་གལ་ཆེན་ཐད་ནས་གྲོས་མོལ་བྱས་པ་དང་། བཟོ་ཚོང་ལས་རིགས་ཀྱི་བསམ་འཆར་དང་ལག་ལེན་གྱི་དཔེ་གཞི་བཟང་བོ་མཉམ་སྤྱོད་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1