ཞིང་ལས་སྤུས་ལེགས་རྟགས་ཅན་ལེགས་པར་བཙུགས་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱེད།

ལྷ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-15



     གནས་མཆོག་སྡེ་དགེའི་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ལས་སྟེགས་སུ་འདི་ལྟར་གྲོས་མོལ་བྱསཔ་སྟེ། དོན་དག་ཡོད་ན་གྲོས་མོལ་བྱེད།  མི་དམངས་ཀྱི་དོན་དག་མི་དམངས་ཀྱིས་གྲོས་མོལ་བྱེད།  དེ་ནི་མི་དམངས་དམངས་གཙོའི་བདེན་ལུགས་རེད།  རྫོང་སྲིད་གྲོས་ཀྱིས་རྫོང་ཡོངས་ཀྱི་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས།    གནས་མཆོག་གྲོས་མོལ་ཞེས་པའི་ལས་སྟེགས་འཛུགས་པ་ནས་བཟུང་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ཁྱབ་ཏུ་གྲོས་བསྡུར་བྱེད་པའི་རྩ་དོན་རྒྱུན་འཛིན་བྱས་ནས།  ཐོག་མཐའ་བར་གསུམ་དུ་ཞིང་ལས་བརྟན་ཐོག་ཡར་འཕར་དང་།   ཞིང་པའི་ཡོང་འབབ་འཕར་བར་དམིགས་ནས།  གྲོང་གསེབ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱས།

རྒྱ་གྲོ་འདེབས་འཛུགས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱས། 

རྫ་བར་མ་གྲོང་རྡལ་གྱིས་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་བྱེད་སྒོ་སྤེལ། རྫ་བར་མ་གྲོང་རྡལ་ཡོས་ལ་གྲོང་མིའི་དཔལ་འབྱོར་ཡོང་འབབ་འཕར་ཆེད་དུ་ས་གནས་དེ་གའི་གནམ་གཤིས་ཁྱད་ཆོས་དང་ས་རྒྱུའི་རིགས་དང་།  ཁོར་ཡུག་གི་ཁྱད་ཆོས་ལ་གཞིགས་ནས་ས་ཁྱད་དང་འཕྲོད་པའི་ས་མཐོའི་རྒྱ་གྲོ་འདེབས་འཛུགས་ཀྱི་ས་བོན་བདམས་ཏེ་བཏབ་པ་དང་།  ཁྱད་ཆོས་ལྡན་པའི་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།   གྲོང་ཚོ་དབུལ་པོ་མིན་པའི་ཞིང་པའི་མཉམ་ལས་ཁང་གི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དུ་བཏང་། 

ཉེ་ཆར།   རྫ་བར་གྲོང་རྡལ་གྱིས་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས།   གནས་མཆོག་གྲོས་མོལ་ཞེས་པའི་ལས་སྟེགས་གང་ལེགས་སྤྱད་དེ་རྒྱ་གྲོ་འདེབས་སའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་གནས་ཡུལ་འདེམས་པའི་གནད་དོན་སྐོར་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས།   གྲོང་རྡལ་གྱི་ཏང་ཨུ་ཧྲུལ་ཅི་ཨམ་ཞའོ་ཡིང་གི་གཙོ་འགན་བཞེས་ཞིང་། སྡེ་དཔོན་འཇམ་དབྱངས་ཕུན་ཚོགས་དང་ཡོས་ལ་གྲོང་དུ་བཅའ་སྡོད་བྱས་པའི་ལས་སྒྲུབ་རུ་ཁག །གྲོང་སྡེ་འགན་ལེན་པའི་ལས་བྱེད་པ་དབྱངས་ཅན།  གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ཁོངས་མི་དང་གཞན་ཡང་མང་ཚོགས་ཀྱི་འཐུས་མི་ཁ་ཤས་བཅས་ཚོགས་འདུའི་ནང་ཞུགས།   ཚོགས་ཐོག་གྲོས་མོལ་ཚོགས་འདུའི་ཁོངས་མི་རྣམས་ཀྱིས་གཅིག་ནི་གྲོས་བསྡུར་གང་ལེགས་དང་མཉམ་དུ་གྲོས་མོལ་བྱས་པ་བརྒྱུད་སོ་སོས་ལུགས་མཐུན་གྱི་གྲོས་མགོ་མང་པོ་བཏོན་ཡོད།   གཉིས་ནི་འདེབས་འཛུགས་ཀྱི་འབྲེལ་ཡོད་དོན་དག་དང་རྒྱ་གྲོ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་དང་ཞིང་དུད་བཞིའི་བར་ངོས་འཛིན་གཅིག་མཐུན་བྱུང་བ།  གསུམ་ནི་ཏེ་རུང་ཧྭ་ཤིན་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་

ཀུང་སི་དང་རྒྱ་གྲོ་འདེབས་འཛུགས་གན་རྒྱ་བཞག་པ།    གྲོས་ཚོགས་གྲོལ་རྗེས་ད་དུང་ཡུལ་དངོས་སུ་རྟོག་ཞིབ་དང་འགྲེལ་བཤད་ཉན་རྒྱུ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རྒྱ་གྲོ་འདེབས་ཁྱོན་དང་དོ་དམ་བྱེད་སྟངས།      ཕྱིར་ཚོང་ཐབས་ལམ་ལ་རྒྱུས་མངའ་ཞིབ་ཕྲ་བྱས་པ།   རྫོང་ཞིང་འབྲོག་དང་གྲོང་གསེབ་ཚན་རྩལ་ཅུས་ཀྱིས་རྒྱ་གྲོ་འདེབས་འཛུགས་ས་ཚིགས་ཀྱི་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱས་པ། ཡོས་ལ་གྲོང་ཚོས་ཐེངས་འདིའི་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས།  གནས་མཆོག་གྲོས་མོལ་ཞེས་པའི་ལས་སྟེགས་བེད་སྤྱད་ནས་གྲོང་ཚོ་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་བྱ་བ་དངོས་ཐག་གཅོད་ནུས་ལྡན་བྱེད་པའི་ཐབས་ལམ་རྙེད་ཅིང་། གོམ་སྟབས་རྗེས་མར་རྫ་བར་མ་གྲོང་རྡལ་གྱིས་དོན་དག་ཡོད་ན་གྲོང་མོལ་ལ་ཕེབས། གནས་མཆོག་གྲོས་མོལ་ཞེས་པའི་ལས་སྟེགས་མུ་མཐུད་སྤྱད་དེ། གྲོལ་མོལ་གྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱེད་རྒྱུ་དང་། གྲོང་མོལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུ།   གྲོལ་མོལ་གྱི་གྲོས་དོན་ཚད་ལྡན་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏང་རྒྱུ་བཅས་བྱས་ཏེ་རྫ་བར་མ་གྲོང་རྡལ་གྱི་རྒྱ་ཆེ་བའི་མང་ཚོགས་ལ་གཞི་རིམ་གྱི་གྲོལ་མོལ་ལས་བྱུང་བའི་སྟབས་བདེ་ཚོར་དུ་འཇུག་པ་རེད།

    ཀྲུང་ལུགས་སྨན་རྫས་རུ་རྟ་འདེབས་འཛུགས་ཀྱིས་མང་ཚོགས་ཀྱི་ཕྱུག་འགྱུར་ལ་སྣེ་ཁྲིད་པ། 

        སྨན་ཤོད་གྲོང་རྡལ་གྱིས་རུ་རྟ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་སྐུལ་འདེད་གཏང་རྒྱུའི་ཐད་གྲོས་མོལ་བྱས།     རྒྱ་ཆེ་བའི་ཞིང་དུད་ལ་ཀྲུང་ལུགས་བོད་སྨན་སྨན་རྫས་འདེབས་འཛུགས་ཀྱི་ཧུར་སེམས་སྔར་བས་སྐུལ་སློང་དང་། ཀྲུང་ལུགས་བོད་སྨན་སྨན་རྫས་ཐོན་ལས་མྱུར་མགྱོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་།     གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཅས་བྱས་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱས།   ཉེ་ཆར།           སྨན་ཤོད་གྲོང་རྡལ་གྱི་རི་ཤར་གྲོང་སྡེའི་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས། གནས་མཆོག་གྲོས་མོལ་ཞེས་པའི་འབྲེལ་གཏུག་ས་ཚིགས་ཀྱིས་རུ་རྟ་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུ་དང་འབྲེལ་བ་ཡོད་པའི་དུད་ཚང་༤༦ཡི་ས་ཞིང་མུའུ་༡༡༠བརྒྱུད་བཤུག་གནད་དོན་ཐད་གྲོས་མོལ་བྱས།     མཉམ་དུ་གྲོས་མོལ་དང་ཕྱོགས་མང་མཐུན་སྦྱོར་བྱས་པ་བརྒྱུད་ཞིང་དུད༤༦གིས་ས་ཞིང་མུའུ་༡༡༠བརྒྱུད་བཤུག་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་མོས་མཐུན་བྱུང་པ་རེད།          ཚོགས་འདུའི་ཐོག་གྲོང་རྡལ་ཏང་ཨུ་ཧྲུའུ་ཅིའི་ལི་ཤིན་ཚའེ་ཡིས་སྡེ་དགེ་རྫོང་ནི་ཟུར་ལུགས་བོད་སྨན་གྱི་འབྱུང་གནས་ཡིན་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྒྱུན་འཛིན་རྟེན་གཞི་ཡོད་པ།      རུ་རྟ་ནི་བོད་སྨན་གྱི་རྒྱུ་ཆ་གཙོ་བོ་ཞིག་རེད་ཅེས་སྟོན་པ། དུས་སྐབས་སྔ་མ་ཀའོ་ཤིན་ས་ཁུལ་གྱི་གསར་གཏོད་རོགས་སྐྱོར་འོག་སྡེ་དགེ་རྫོང་གི་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ལེགས་ཆ་དང་ཁྲེང་ཏུའུ་ཀའོ་ཤིན་ཁུལ་གྱི་ཚན་རྩལ་གསར་གཏོད་ལེགས་ཆ་མཉམ་འདྲེས་བྱས་ནས་སྡེ་དགེ་ལ་ཆེད་དུ་དབང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐོན་ལས་མིང་བྱང་གསར་པ་ཟུར་ལུགས་བོད་སྨན་ཐོན་ལས་འཕེལ་རྒྱས་ལས་གཞི་ཞིག་བཏོད་ཡོད་པས། སྡེ་དགེ་རྫོང་གི་དབུལ་བྲལ་འགག་སྒྲོལ་ལ་རེ་བས་ཁེངས་པའི་ས་བོན་ཞིག་བཏབ་ཡོད། འདི་ལོ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩའི་ལོ་ཞིག་རེད་པས།   རུ་རྟ་འདེབས་འཛུགས་ཀྱིས་སྨན་ཤོད་གྲོང་རྡལ་གྱི་རི་ཤར་གྲོང་སྡེའི་གྲོང་མིའི་དཔལ་འབྱོར་ཡོང་འབབ་ལ་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་ཡོད་པ་དང་། འདེབས་འཛུགས་དུད་ཚང་ལ་ཐོན་སྤེལ་ཡོང་འཕར་ཡོང་ནས་ཕྱུག་འགྱུར་ཐུབ་ངེས་རེད།  

མོག་རོ་རྟེན་གཞི་རྒྱས་བསྐྲུན་བྱས་ནས། དཔལ་འབྱོར་ཡོང་འབབ་འཕར་སྣོན་བྱུང་། 

        དཔལ་སྤུངས་ཤང་དཔལ་སྨད་གྲོང་སྡེའི་ལོ་གཉིས་ཀྱི་སྔོན་དུ་ཐུན་མོང་གི་མཉམ་ལས་ཁང་མོག་རོའི་ཐོན་སྐྱེད་རྟེན་གཞི་བཙུགས་ཡོད།  འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ད་ལྟ་ལོ་གཉིས་ཡས་མས་ལ་བཀོལ་སྤྱོད་མ་བྱས་པས།      མིག་སྔར་གྲོང་ཚོར་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་མེད་པས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་།  ཐུན་མོང་གིས་དཔལ་སྤུངས་ཤང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་སྔར་བས་མང་བ་བྱས་ནས་མི་སེར་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱ་ཆེད། ད་ཡོད་ཀྱི་མོག་རོར་སྒྱུར་བཀོད་རྒྱས་བསྐྲུན་བྱ་དགོས།  ལས་གཞི་ལག་བསྟར་བྱེད་ཐུབ་མིན་ར་སྤྲོད་བྱ་ཆེད།     དོན་དག་ཡོད་ན་གྲོས་མོལ་ལ་ཕེབས།        གནས་མཆོག་གྲོས་མོལ་ཞེས་པའི་འབྲེལ་གཏུག་ས་ཚིགས་ཀྱི་འགན་འཁུར་བ་དང་། གཞན་ཡང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དངོས་ཡུལ་དུ་རྟོག་ཞིབ་དང་འཚམས་འདྲི་བྱས་པས།  མོག་རོར་རྟེན་གཞི་བསྐྱར་སྐྲུན་རྒྱས་བསྐྲུན་བྱས་ཆོག་པར་ངེས་བཟུང་རྗེས།   ཉེ་ཆར་མོག་རོར་རྟེན་གཞི་བསྐྱར་སྐྲུན་རྒྱས་བསྐྲུན་བྱས་ནས་དཔལ་འབྱོར་ཡོང་འབབ་འཕར་སྣོན་བྱ་རྒྱུའི་གནད་དོན་ལ་རྩ་འཛུགས་གྲོས་མོལ་བྱས།    གྲོས་མོལ་བྱས་པ་བརྒྱུད་མཐར་གྲོས་འགོའི་གསལ་ཐོ་སྟེ།  གཅིག་ནི་གོང་རིམ་ནས་བཅོས་འཛུགས་དང་རྒྱས་བསྐྲུན་གྱི་ལས་གཞི་བརྩོན་ལེན་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་ཐོབ་པར་བྱ་རྒྱུ།   གཉིས་ནི་རོགས་སྐྱོར་སྡེ་ཚན་ཞིང་ཆེན་དངུལ་ཁང་ལྟ་སྐུལ་དོ་དམ་ཅུས་ལ་མ་དངུལ་སྔར་ལས་མང་བ་འཇོག་རྒྱུའི་བརྩོན་ལེན་བྱ་རྒྱུ། གསུམ་ནི་ཕྱི་ནས་ལག་རྩལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱ་རྒྱུ་བཅས་ལ་གྲོས་བསྡུར་བྱས།  ཞིང་ལས་གཙོ་བོར་འཛིན་པ་རྒྱལ་ཁབ་ཀྱི་རྩ་གནད་ཡིན་པ་དང་།        ཞིང་ལས་དང་གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་གནད་དོན་རེད།    གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་ང་ཚོའི་ཏང་གིས་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་།      སྤྱི་ཚོགས་རིང་ལུགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན། དུས་རབས་གསར་པར་ཞིང་ལས་ལས་དོན་ཡག་པོ་བསྒྲུབ་པའི་སྤྱིའི་གནད་འགག་འཛིན་ས་བཅས་རེད།      རྫོང་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས།  ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་མཐའ་བར་གསུམ་དུ་སྔར་བས་དངོས་གཉེར་གྱི་བྱེད་ཐབས་ལག་བསྟར་ནན་ཏན་བྱས་ནས།    སྔར་བས་རང་རྟོག་གི་བྱ་སྤྱོད་ཐོག་ནས་སྲིད་གྲོས་ཀྱིས་གྲོས་མོལ་གཞི་རིམ་དུ་དོན་འཁྱོལ་བྱ་རྒྱུ་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་གྲོས་མོལ་ལས་སྟེགས་བསྐྲུན་ནས་གྲོང་གསེབ་དར་རྒྱས་ཡོང་བར་ཞབས་འདེགས་ཞུས་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1