དབུལ་བྲལ་འགག་སྒྲོལ་སྲ་བརྟན་དུ་བཏང་ནསགྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་།

ལྷ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-16



        ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་ཟུང་རོགས་བྱེད་སྒོའི་བླང་བྱ་དོན་འཁྱོལ་བྱ་བའི་ཆེད།   སྡེ་དགེ་རྫོང་གིས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྒུལ་ཤུགས་ཆེ་རུ་གཏོང་བ་དང་རོགས་སྐྱོར་ཆེ་སྣོན།  ནུས་ཤུགས་འདུས་སྦྱོར་བཅས་ཧུར་ཐག་བྱས་ནས་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ། རྫོང་སྲིད་གྲོས་ཀྱིས་ཨུ་ཡོན་ཡོངས་ལ་ཟུང་རོགས་བྱེད་སྒོ་སྤེལ་བའི་གྲོས་འདོན་ཡི་གེ་བཏང་བས།    སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་འབོད་སྐུལ་དང་ལེན་ཞུས་ནས་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ཧུར་བརྩོན་གྱིས་བསྒྲུབས་ཞིང་།   དབུལ་བྲལ་འགག་སྒྲོལ་ནང་ཞུགས་ཏེ་གྲོང་གསེབ་དར་རྒྱས་གཏང་རྒྱུར་སྐུལ་འདེད་བཏང་། 

          གཅིག  ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་ཇེ་བརྟན་དུ་གཏོང་བར་སྲིད་གྲོས་ཨུ་ཡོན་གྱིས་ཧུར་བརྩོན་བྱེད་བཞིན་ཡོད།   

        ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་ལས་ཐོབ་པའི་བསམ་བློའི་གྲུབ་འབྲས་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ལ་བསྒྱུར་ཏེ།  གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་།   ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ནས།  མི་དམངས་མང་ཚོགས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་བའི་ཆེད་དུ།   རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐུབ་བསྟན་ནམ་མཁའ་དང་ཀྲུའུ་ཞི་གཞོན་པ་བསམ་གཏན་རྣམས་གཉིས་ཀྱིས་སྲིད་གྲོས་ཨུ་ཡོན་༨༠ལྷག་ཁྲིད་དེ་སྡེ་དགེ་རྫོང་གི་ཡིག་ཚགས་ཁང་དུ་ཕེས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱས་ཤིང་།   འགྲེལ་བཤད་པའི་སྣེ་ཁྲིད་འོག་སྡེ་དགེ་རྒྱལ་པོའི་གསར་བརྗེའི་ལས་དབང་དང་སྡེ་དགེའི་ལོ་རྒྱུས་འཕེལ་རིམ།  ཁྲོ་ལའི་གཏམ་རྒྱུད་སོགས་ལོ་རྒྱུས་ཀྱི་ལེ་ཚན་ལ་ལྟ་སྐོར་བྱས་ནས།  ཚང་མས་འགྲོ་ཞོར་སྦྱོང་ཞོར་དང་གསར་བརྗེའི་བྱས་རྗེས་ལ་བཅའ་འདྲི་དང་གསར་བརྗེའི་གཏམ་རྒྱུད་ལ་ཉན་པ།   གསར་བརྗེའི་སྟོབས་ཤུགས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བླ་ན་མེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་གསར་བརྗེའི་སྙིང་སྟོབས་མྱོང་ཚོར་བཅས་བྱས་པ།  ཨུ་ཡོན་ཚོས་ད་ཐེངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་རང་ངོས་ཀྱི་འགན་ནུས་དང་འགན་འཁྲི་ཟུང་འབྲེལ་བྱས་ཏེ་སྡེ་དགེ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏང་རྒྱུར་ལེགས་སྐྱེས་འབུལ་བ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད། 

        གཉིས།   ཡིག་ཚགས་རིག་གནས་སློབ་གྲྭར་སྤེལ་བར་སྲིད་གྲོས་ཨུ་ཡོན་གྱིས་ཧུར་བརྩོན་བྱེད་བཞིན་ཡོད། 

        རྒྱ་ཆེའི་དགེ་སློབ་ལ་ཡིག་ཚགས་ཀྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རང་འགུལ་ངང་ཡིག་ཚག་ཐོན་ཁུངས་ཁྲོད་ནས་བསམ་པའི་སྟོབས་ཤུགས་དང་ལོ་རྒྱུས་ཀྱི་བློ་གྲོས་བསྡུ་ལེན་བྱ་དགོས་པའི་ནན་བཤད་གནང་།   སྲིད་གྲོས་ཨུ་ཡོན་ཟླ་བ་གཡང་སྐྱིད་དང་ལྷན་ཕེབས་བཅས་ཀྱིས་རྫོང་གྲོང་རྡལ་ཆ་ཚང་སློབ་ཆུང་དང་པོར་ཡིག་ཚགས་དྲིལ་བསྒྲགས་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་འབྲེལ་རྒྱ་ཆེ་བའི་དགེ་སློབ་ཚོར་སྡེ་དགེའི་ལོ་ངོ་བཅུ་ཕྲག་རིང་གི་འགྱུར་ལྡོག་ཆེན་པོའང་གསལ་བཤད་བྱས་ཡོད།   ད་ཐེངས་ཀྱི་བྱེད་སྒོས་སློབ་གྲྭ་དེའི་དགེ་སློབ་༢༠༠ལྷག་ལ་སྡེ་དགེའི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་སྙན་ངག་དང་ལོ་རྒྱུས་ཡུན་རིང་ལྡན་པའི་གསར་བརྗེའི་གཞི་རྒྱུ།  ཁྲག་རྒྱུན་མཉམ་འདྲེས་ཀྱི་མི་རིགས་ཀྱི་མཛའ་བརྩེ།   གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བཅས་དང་། དེ་བཞིན་འབད་འབུངས་ཡར་བརྩོན་གྱི་འཕེལ་རྒྱས་འཆར་གཞི་ཆེན་པོ་བཅས་མྱོང་ཚོར་ཟབ་མོ་ཐུབ་པ་བྱས་ཡོད།  གསར་བརྗེའི་དྲན་འཆར་ལ་བརྟེན་ནས་ཕུགས་འདུན་མཚོན་པར་བྱེད་པ་དང་།    ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་གཅེས་པའི་སྤྲོ་སེམས་ཚད་མེད་འཕེལ་བ།    ཚང་མར་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་གསར་བརྗེའི་རིག་གནས་སྲུང་སྐྱོང་བྱེད་མཁན་དང་ཁྱབ་སྤེལ་བྱེད་མཁན་ཞིག་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཆེ་བའི་སྟོབས་ཤུགས་ཤིག་ཆགས་པར་བྱ་དགོས་པའི་ལྕག་སྐུལ་གནང་བ་རེད།  

        གསུམ།   ས་མིང་དང་ཡིག་རིགས་སྲུང་སྐྱོབ་བྱེད་པར་སྲིད་གྲོས་ཨུ་ཡོན་གྱིས་ཧུར་བརྩོན་བྱེད་བཞིན་ཡོད། 

        ལོ་རྒྱུས་ཉར་ཚགས་དང་སྲིད་དོན་སྐྱོང་བ།  མཐུན་སྒྲིལ།  མི་རྒྱུད་གསོ་སྐྱོང་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་གཏོང་བའི་ཆེད།  སྲིད་གྲོས་ཨུ་ཡོན་བསམ་གཏན་གྱིས་རུ་སྣེ་ཁྲིད་དེ་རང་རྫོང་གི་ཤང་དང་གྲོང་རྡལ་ཁག་ཏུ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ས་གནས་དེ་གའི་ཆེད་མཁས་པ་དང་མཁས་དབང་ལ་འཚམས་འདྲི་ཞུ་བ་དང་རྗེས་ཤུལ་བཙལ་བ་སོགས་རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་རིགས་བསྡུ་རུབ་བྱས་ནས་སྡེ་དགེ་རྫོང་གི་ས་མིང་ལོ་རྒྱུས་རྩོམ་སྒྲིག་ལས་དོན་སྤེལ་བ་རེད།    སྡེ་དགེའི་རིག་གནས་དང་ལོ་རྒྱུས་སྲུང་སྐྱོབ་བྱ་ཆེད་བྱ་སྤྱོད་ཧུར་ཐག་སྤེལ་དགོས།      

        བཞི།  སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱེད་པར་སྲིད་གྲོས་ཨུ་ཡོན་གྱིས་ཧུར་བརྩོན་བྱེད་བཞིན་ཡོད། 

         རྫོང་སྲིད་གྲོས་ཨུ་ཡོན་ཅང་ཐའོ་ཡིས་གྲོང་རྡལ་གྱི་ཆ་ཚང་སློབ་ཆུང་དང་པོའི་གློག་སྤྱོད་གློག་ལམ་རྙིང་པར་གྱུར་པའི་གནད་དོན་ཤེས་རྟོགས་བྱེད་པ་དང་ཆབས་གཅིག་ཉེ་བའི་ལོ་ཤས་རིང་སློབ་གྲྭའི་གློག་སྤྱོད་ཚད་ཆེས་ཆེར་འཕར་ཞིང་གློག་ལམ་གྱི་ཁུར་པོ་མྱུར་དུ་འཕར་ཏེ་རྒྱུན་དུ་གློག་གི་མཁོ་འདོན་བརྟན་པོ་མེད་པའི་གནས་ཚུལ་ཐོན་པས། འཕྲལ་མར་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་མངོན་མེད་རྐྱེན་ངན་དག་ཐེར་དང་ལེགས་བཅོས་ཐབས་ཚུལ་གཏན་ལ་འབེབས་ཏེ། སློབ་གྲྭར་གློག་ལམ་རྙིང་ཞིང་གློག་སྐུད་ཅུང་ཕྲ་བའི་གློག་ལམ་བརྗེ་རྒྱུའི་འོས་འགན་བསྒྲུབས་པས།  གློག་སྤྱོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཡོད་པ་རེད། དེ་དང་ཆབས་གཅིག་སློབ་གྲྭར་ས་ཚིགས་རྣམ་པའི་གློག་སྤྱོད་འགན་སྲུང་ཞབས་ཞུ་མཁོ་འདོན་བྱས་པས་གྲོང་རྡལ་གྱི་ཆ་ཚང་སློབ་ཆུང་དང་པོའི་གློག་སྤྱོད་རྒྱུའི་ཐད་གནས་པའི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱས་ཏེ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ལ་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད།  

        ལྔ།  ཟས་རིགས་བདེ་འཇགས་མཐོར་འདེགས་གཏོང་བར་སྲིད་གྲོས་ཨུ་ཡོན་གྱིས་ཧུར་བརྩོན་བྱེད་བཞིན་ཡོད། 

        རྫོང་སྲིད་གྲོས་ཨུ་ཡོན་དབྱང་ཅན་རུའུ་ཡིས་བཟའ་བཅའི་བདེ་འཇགས་མཉམ་བཅོས་མཉམ་སྐྲུན་ནང་ཧུར་ཐག་ངང་ཞུགས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བཟའ་བཅའི་བདེ་འཇགས་ཀྱི་མཐར་ཚད་དང་མངོན་མེད་རྐྱེན་ངན་ཞིབ་བཤེར།       བདེ་འཇགས་འགན་སྲུང་བཅས་ཀྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བཟའ་བཅའི་བདེ་འཇགས་སྟོན་གྲངས་མཐོ་རུ་བཏང་བ་དང་མང་ཚོགས་ཀྱི་བདེ་འཇགས་ཡག་པོ་སྲུང་ཡོད། 

         དྲུག   འཛད་སྤྱོད་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྲིད་གྲོས་ཨུ་ཡོན་གྱིས་ཧུར་བརྩོན་བྱེད་བཞིན་ཡོད།                                                                              

        ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུའི་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་རིམས་ནད་ཀྱི་ཤུགས་ཆུང་དང་ཉེན་ཁ་ཆུང་བའི་གོ་སྐབས་བརྩོན་ལེན་བྱས་ནས་རང་རྫོང་གི་འཛད་སྤྱོད་བརྟན་པོའི་ངང་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བར།  སྲིད་གྲོས་ཨུ་ཡོན་རྟ་མགྲིན་ལྷ་མོས་འཛད་སྤྱོད་སྐུལ་འདེད་དང་དམངས་འཚོར་ཕན་པ། དཔལ་འབྱོར་བརྟན་པོ་ཡོང་བ་བཅས་ཀྱི་འཛད་སྤྱོད་སྐུལ་འདེད་བྱེད་སྒོར་ཞུགས་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་།  ཐེངས་འདིའི་བྱེད་སྒོའི་སྤྱིའི་རིན་ཐང་སྒོར་ཁྲི༡༠ལྷག་ཙམ་ཟིན་ནས་དུས་ཡུན་ཐུང་ངུའི་ནང་ཚོང་ཟོག་འགྲོ་རྒྱུགས་ཀྱི་ཚད་ཇེ་མགྱོགས་སུ་བཏང་བ་དང་། འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་པོར་གཏོང་བ། བྲིན་ཚོང་གི་གྲངས་གཞི་འཕར་བ།    རྫོང་ཁོངས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བཅས་བྱས།   

        བདུན།  ཐོག་འགོག་གེགས་སེལ་གྱིས་བདེ་འཇགས་འགན་ལེན་བྱེད་པར་སྲིད་གྲོས་ཨུ་ཡོན་གྱིས་ཧུར་བརྩོན་བྱེད་བཞིན་ཡོད། 

      ཐོག་འགོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་ལ་དམ་འཛིན་ཡག་པོ་བྱ་ཆེད། རང་རྫོང་གི་ཐོག་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབས་ནས་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་ལས་བཟོས་པའི་ལས་འཛོལ་གྱི་གནོད་འཚེ་སྔོན་འགོག་ནུས་ལྡན་སྤེལ། སྲིད་གྲོས་ཨུ་ཡོན་གན་དབྱང་ཐོག་འགོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཀོད་སྒྲིག་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཉམ་འབྲེལ་གྱིས་རྫོང་ཡོངས་ཀྱི་ཐོག་འགོག་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་ཕན་ལྡན་ངང་མཐོ་རུ་བཏང་ནས་ཐོག་འགོག་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱས་པ་དང་། རང་རྫོང་གི་ཐོག་འགོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད། 

         བརྒྱད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་གནས་སྡོད་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཨུ་ཡོན་གྱིས་ཧུར་བརྩོན་བྱེད་བཞིན་ཡོད། 

        ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས་ལྗང་མདོག་ལ་སྐུལ་འདེད་དང་སྣོད་བཅུད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཟུང་རོགས་སྐུལ་འདེད་ནུས་ལྡན་གཏོང་ཞིང་།   དམངས་འཚོར་ཕན་བདེ་བསྐྲུན་ཆེད།   སྲིད་གྲོས་ཨུ་ཡོན་ཀརྨ་བློ་བཟང་དང་ཚུལ་བུ།    པད་རྡོ་བཅས་ཀྱིས་དོན་དག་ཡོད་ན་གྲོས་མོལ་ལ་ཕེབས།  གནས་མཆོག་གྲོས་མོལ་ཞེས་པའི་ལས་སྟེགས་སྤྱད་དེ་ཤང་གི་ལས་བྱེད་པ་དང་མཉམ་དུ་གཞི་རིམ་གྱི་ཁོར་ཡུག་བཅོས་སྐྱོང་གི་ཕུགས་ཕན་བྱེད་ཐབས་ལ་གྲོས་མོལ་བྱས་ནས་རྫ་བར་མ་གྲོང་རྡལ་གྱི་སྲིད་འཛིན་གྲོང་སྡེ་༡༣དང་གྲོང་སྡེའི་ཚོ་ཆུང་༢༠དང་། དགོན་སྡེ་༧བཅས་དང་།  གཞན་ཡང་གྲོང་རྡལ་ཁོངས་ཀྱི་རྫ་ཆུ་ངོགས་གཉིས་སུ་གད་སྙིགས་གཙང་སེལ་བཅོས་སྐྱོང་ལས་དོན་སྤེལ་བས་མིའི་འཚོ་སྡོད་ཁོར་ཡུག་གཙང་མ་དང་གཙང་ཞིང་གྲལ་འགྲིག་པ།         མཛེས་སྡུག་ལྡན་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད། རྫོང་ཡོངས་ཀྱིས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱ་ཆེར་སྲ་བརྟན་དུ་གཏང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ།  རང་རྫོང་གི་སྲིད་གྲོས་ཨུ་ཡོན་རྣམ་པས་འབོད་སྐུལ་གཅིག་རྗེས་གཉིས་མཐུད་ཀྱིས་དང་ལེན་བྱས་ནས།  ཞིང་ཆེན་དང་ཁུལ་གྱི་དོན་དམ་ཡོད་ན་གྲོས་མོལ་ལ་ཕེབས་ཞེས་པའི་ལས་དོན་སྐུལ་འདེད་ཚོགས་འདུ་དང་ཟུང་རོགས་ལས་ཀའི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཐོག་མཐར་བར་གསུམ་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་༡༥༥༨སྤྱིའི་ལས་ཀའི་རྣམ་པ་ལ་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་དང་།  དམངས་འཚོར་ཞབས་འདེགས། དམངས་ཀྱི་དཀའ་ངལ་སེལ་བ་བཅས་བྱས་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1