སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཡུལ་གྱི་བཀོད་པ་མཛེས་ཤིང་རང་བྱུང་ཐུན་ཁོངས་ཕུན་སུམ་ཚོགས་པ། རིག་གནས་སྣ་ཚོགས་འདུས་པས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཡིན་པར་མ་ཟད། འོད་མདངས་རྣམ་པར་བཀྲ་བའི་རིག་གནས་བར་ཁྱམས་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། རྔ་བ་ཁུལ་གྱིས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་གཙོ་བོར་བཟུང་ཞིང་། མགྱོགས་མྱུར་ངང“འགྲིམ་འགྲུལ+ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གཟི་ཚྭ་སྡེ་དགུ་དང་གསར་མཚོ་འཛམ་གླིང་རང་བྱུང་ཤུལ་བཞག་ལམ་ཆེན་དང་། G317·བོད་ཆའང་རིག་གནས་བར་ཁྱམས་མཛེས་ལྗོངས་ལམ་ཆེན། དོམ་ཁྲ་ལམ་ཆེན་སོགས་ཀྱི་མཛེས་ལྗོངས་ལམ་ཆེན། ཆ་འགྲིག་གཞུང་ལམ་ཞབས་ཞུ་ཁུལ་དང་། ལྗོངས་གཟིགས་སྟེགས་བུ། མཚོ་ཁུག་ཅན་གྱི་རླངས་འཁོར་འཇོག་ས། སྒེར་འཁོར་སྒེར་ས། ཡུལ་སྐོར་གསང་སྤྱོད་ཁང་སོགས་འཛུགས་སྐྲུན་བྱས་ཏེ། ནུས་ཤུགས་ཆེན་པོས་རྒྱལ་ཡོངས་ཀྱི་སྒེར་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་ཁུལ་དང་པོ་བསྐྲུན་པ་རེད།