ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ཁེ་ལས་པའི་མཐོ་རིམ་དབུ་ཚོགས་སྐབས་བཅོ་ལྔ་པར་ཡིག་ཐོག་ཤིས་ཚིག་བསྒྲོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-16



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ཁེ་ལས་པའི་མཐོ་རིམ་དབུ་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོར་ཡིག་ཐོག་ཤིས་ཚིག་བསྒྲོན་པ་རེད།

        ཞི་ཅིན་ཕིང་གིས་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། དཔལ་འབྱོར་གོ་ལ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་མཁོ་འདོན་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལཱ་ཏིང་མེ་གླིང་དང་ཅཱ་ལེ་པིའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་ཕན་པ་བསྐྲུན་རྒྱུ་ཡིན། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ཁེ་ལས་པའི་མཐོ་རིམ་དབུ་ཚོགས་དབུ་བརྙེས་ནས་ལོ་15སོང་རིང་ཞབས་ཞུའི་ཁེ་ལས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བ་དེ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། བཟོ་ཚོང་ལས་རིགས་ནི་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་ཡིན་ལ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་མཁན་དང་ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན། རྒྱ་ཆེའི་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་ཚོས་བློ་བརྟན་འགྱུར་མེད་དང་གསར་འབྱེད་ཕོད་པའི་ཁེ་ལས་པའི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ཏེ་སྒོ་དབྱེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་དང་། གསར་གཏོད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་མཁན། མཉམ་སྤྱོད་འཕེལ་རྒྱས་ལག་བསྟར་བྱེད་མཁན་བཅས་བྱས་ནས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        དེ་ཉིན་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལཱ་སུའོ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ཁེ་ལས་པའི་མཐོ་རིམ་དབུ་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1