ཧུང་ཡོན་རྫོང་རྨེ་བ་ཡུལ་ཚོས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བྱ་བར་ཤུགས་བསྣན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 12-21


        ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཉེ་ཆར། རྨེ་བ་ཡུལ་ཚོས་དྲིལ་སྒྲོག་དང་བྱ་སྤྱོད་དུས་གཅིག་ཏུ་སྤེལ་ནས་མེ་ཟོན་འདུ་ཤེས་མི་སེམས་སུ་ཟུག་རྒྱུར་འགན་ལེན་བྱས་ཡོད། རྒྱུན་མཐུད་ངང་དྲིལ་སྒྲོག་བྱས་ཏེ་ནགས་ཚལ་མེ་ཟོན་གྱི་དྲིལ་སྒྲོག་ཁྱིམ་ཚང་སོ་སོར་ཁྱབ་རྒྱུར་འགན་ལེན་བྱས་ཏེ། དྲིལ་སྒྲོག་རླངས་འཁོར་ཐེངས་30ལྷག་ཙམ་བཏང་ནས་ཐག་རིང་གི་འབྲོག་ཁུལ་དུ་དྲིལ་སྒྲོག་ཡིག་ཆ་500ལྷག་ཙམ་སྤྲད་པ་དང་། ཡུལ་ཚོ་ཡོངས་ཀྱི་སྡེ་བ་ཚང་མར་ཁྱབ་པར་བྱས་ནས་མེ་ཟོན་སྐོར་གྱི་ཤེས་བྱ་ཁྱིམ་ཚང་ཡོངས་དང་མི་ཚང་མས་ཤེས་རྟོགས་ཐུབ་པ་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་མི་དམངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་བཏང་།

        སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་འགལ་ངང་ཕྱི་རོལ་དུ་མེ་སྤྱོད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། སྐྱེ་ཁམས་ནགས་སྲུང་དང་རྩྭ་སྲུང་བ་35བཀོད་སྒྲིག་བྱས་ནས་ཉིན་ལྟར་ཞོགས་པ་དང་། ཉིན་གུང་། དགོང་མོ་བཅས་སུ་ཐག་རིང་གི་འབྲོག་ལས་ས་ཚིགས་དང་། ནགས་ཚལ་དང་རྩྭ་ཐང་དུ་བསྐྱོད་དེ་སྐོར་ཞིབ་ལས་དོན་སྤེལ་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། མེ་ཟོན་རླངས་འཁོར་བཏང་ནས་ལམ་ཐག་སྤྱི་ལེ་8དང་རྒྱ་ཁྱོན་ལ་སྨི་16000ཙམ་ཟིན་པའི་གཞུང་ལམ་རྒྱུད་དུ་ཆུ་གཏོར་ཏེ་བརླན་བཤེར་ཚད་ཆེ་རུ་བཏང་ནས་ཐན་པ་ལས་བྱུང་བའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་ཐབས་བྱས།

        ལས་རེས་བྱ་བ་དོན་འཁྱོལ་ནན་པོ་བྱས་ནས་མཁོ་བསྟུན་གྱི་གྲ་སྒྲིག་ཡག་པོ་བྱེད་དགོས། ཆུ་ཚོད་24ཡི་ལས་རེས་ལམ་ལུགས་ལག་བསྟར་བྱས་ཏེ་མཁོ་བསྟུན་རླངས་སྣུམ་ཧྲེང་30སྔོན་ལ་གསོག་འཇོག་བྱས་པ་དང་། མེ་ཟོན་རྒྱབ་ཁུར་ཁུག་མ་40ནང་ཆུ་བླུགས། མེ་གསོད་ཡོ་བྱད་300ལྷག་ཙམ་དང་རོགས་སྐྱོབ་དངོས་ཟོག་སྣ་ཚོགས་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཏེ། མེ་སྐྱོན་སྣ་ཚོགས་སོགས་ཐོལ་བྱུང་དོན་རྐྱེན་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱ་རྒྱུའི་གྲ་སྒྲིག་ཨང་གསལ་བྱས་ནས་ཡུལ་ཚོ་ཡོངས་ཀྱི་ནགས་སྲུང་མེ་ཟོན་བྱ་བ་བདེ་འཇགས་ཡོང་བ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1