པེ་ཅིང་གིས་གཞི་རིམ་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ དགོངས་དོན་སྒྲོག་འགྲེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-21


        པེ་ཅིང་གྲོང་ཁྱེར་གྱིས་སྒྲོག་འགྲེལ་རྣམ་པ་གསར་གཏོད་བྱས་ཏེ། རིགས་གཅིག་མཁས་ཅན་གྱི་སྒྲོག་འགྲེལ་དང་། མི་སེར་གྱི་སྒྲོག་འགྲེལ། རིག་རྩལ་འཁྲབ་སྟོན་བཅས་རྣམ་པ་སྣ་ཚོགས་གཞི་གཅིག་ཏུ་འདུས་པ་དང་། ཕུལ་བྱུང་གི་རིགས་པའི་གཞུང་ལུགས་ཀྱི་རིགས་གཅིག་མཁས་ཅན་15དང་། མི་སེར་གྱི་སྒྲོག་འགྲེལ་བརྩམས་ཆོས30 སྲོལ་རྒྱུན་གཞས་མ་གཏམ་གྱི་བརྩམས་ཆོས་20བཅས་བདམས་པ། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”དང“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ”སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས“རིགས་པའི་གཞུང་ལུགས་ཀྱི་རྟ་དམག་ཧྲག་པོའི”དཔུང་ཁག་6བཙུགས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)དང་གསར་བརྗེའི་དྲན་གསོ་ཁང་གལ་ཆེན་སོགས་གཞི་རིམ་ཚན་པར་སྒྲོག་འགྲེལ་བྱས་པ་རེད།

        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་14ཉིན། པེ་ཅིང་དུ་གྲང་ཟུག་སླེབས་ཟིན། པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ཀོང་མིང་ཁྲོམ་གཞུང་དུ་གཞི་རིམ་གྱི་གཞོན་ནུ་ཏང་ཡོན་ཚོར་ཕྱོགས་པའི་བརྙན་ལམ་སྒྲོག་འགྲེལ་ཞིག་དྲ་རྒྱ་བརྒྱུད་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང‘ཏང་ཡོངས་ཀྱིས་གཞོན་ནུའི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་ཀར་བརྩིས་ནས་དམ་འཛིན་བྱེད་དགོས’ཞེས་བཏོན་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་དོ་ཁུར་བྱ་ཡུལ་གཞོན་ནུ་ཚོར་ཕྱོགས་པ་དང་གསར་བརྗེའི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད” ཅེས་པ་ལ་སོགས་གསལ་པོ་ཤོད་ཐུབ་པ་དང་། གོ་བ་ལེན་ཐུབ་པ། ཁོང་དུ་ཆུད་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་ཀོང་མིང་ཁྲོམ་གཞུང་ཏུང་ཤིང་ཆུས་གཉིས་པའི་གཞོན་ནུ་ཏང་ཀྲི་པུའི་ཧྲུའུ་ཅི་ལུའུ་དབྱང་གིས“དེ་ལྟ་བུའི་སྒྲོག་འགྲེལ་ནི་ང་ཚོའི་ཁྱིམ་གྱི་སྒོ་རྩར་བསྐྱལ་བའི་སློབ་གཞི་གསོན་པོ་ཞིག་རང་རེད”ཅེས་བཤད།

        ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་བ་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། གྲོང་ཁྱེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཤོད་པ་དང་། རིམ་ཁག་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་ཐོག་ཤོད་པ། ཏང་གི་འཐུས་མིས་མྱོང་ཚོར་དང་ཟུང་འབྲེལ་གྱིས་ཤོད་པ། ལས་རིགས་ཁག་གིས་ཁྱད་ཆོས་ལ་གཞི་ཚུགས་ནས་ཤོད་པ། དྲ་ཐོག་དང་དྲ་ཕྱི་མཉམ་དུ་ཤོད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་གྱི་ངོ་བོ་དང་སྙིང་བཅུད་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ནས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་བར་ཅིང་ཧྭ་ས་གཞི་ཆེ་མོར་གསོན་ཉམས་ལྡན་པའི་ལག་ལེན་གྲུབ་ཡོད།

        སྤྲོ་སེམས་ཀྱིས་ཁེངས་པ་དང་། མང་ཚོགས་དང་འབྲེལ་འདྲིས། ངར་ཤུགས་འཕེལ་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་པའི་བསམ་བློ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། པེ་ཅིང་གྲོང་ཁྱེར་གྱི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་ལས་གནས་སུ་ཕྱིར་ལོག་རྗེས་རང་ཉིད་ཀྱི་ཉམས་མྱོང་དང་མྱོང་ཚོར་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། འཐུས་མི་སུང་ཞུའེ་ཝུན་གྱིས་སྔ་དྲོའི་ཚོགས་འདུའི་དུས་ཚོད་སྤྱད་དེ་ཅིང་ཏུང་ཀུང་སིར་དྲ་ཐོག་དང་དྲ་ཕྱིའི་ལས་རོགས་100ལྷག་ཙམ་དང་ཕན་འབྲས་གླེང་བ་དང་། འཐུས་མི་དབྱི་ཡན་གྱིས་ཀྲུང་ཀོན་གྲོང་ཚོ་ལོ་རྒྱུས་ཁང་དུ་ཧའེ་ཏེན་ཆུས་ཀྱི་སྡེ་ཁུལ་དང་། སློབ་གསོ། “གསར་གཉིས”རྩ་འཛུགས་སོགས་ཁྱབ་ཁོངས་ཀྱི་རིམ་ཁག་ཏང་གི་འཐུས་མི་དང་མྱོང་ཚོར་སྤེལ་རེས་བྱས་པ་ལ་སོགས། ཏང་ཡོན་འཐུས་མི་ཚོའི་གསོན་ཉམས་དོད་པའི་སྒྲོག་འགྲེལ་ལས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་སླར་ཡང་བྱས་རྗེས་གསར་པ་འཇོག་པར་སྐུལ་མ་གཏོང་བཞིན་ཡོད།

        དོགས་གནད་བསལ་བ་དང་། ཐུན་མོང་གི་ངོས་འཛིན་བྱུང་བ། སླར་ཡང་ཉམས་ལེན་བྱས་ཤིང་། མཐོ་སློབ་མང་པོ་གཅིག་འདུས་ཀྱི་ལེགས་ཆར་གཞི་ཚུགས་ནས་པེ་ཅིང་གྲོང་ཁྱེར་གྱིས“རྒྱལ་སའི་མཐོ་སློབ་ཀྱི་དགེ་སློབ་སྒྲོག་འགྲེལ་ཚོགས་པ”དང“རྒྱལ་སའི་མཐོ་སློབ་ཀྱི་འབུམ་རམས་པའི་སྒྲོག་འགྲེལ་ཚོགས་པ”སོགས་ཁྱད་ལྡན་སྒྲོག་འགྲེལ་དཔུང་ཁག་བཙུགས་ཏེ་དྲ་ཐོག་དང་དྲ་ཕྱི་མཉམ་དུ་ཤུགས་བརྒྱབ་ནས། རྒྱ་ཆེའི་གཞོན་ནུ་ཚོས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། བློ་རྩེ་གཅིག་སྒྲིམ་གྱིས་ལས་དོན་སྒྲུབ་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། པེ་ཅིང་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་འབུམ་རམས་པ་ལི་གོ་ཆིང་གིས“སྒྲོག་འགྲེལ་བྱེད་ཐེངས་རེ་རེ་ནི་གསོན་ཉམས་དོད་པའི‘བསམ་བློ་ཆབ་སྲིད་སློབ་ཚན’ཞིག་རེད”ཅེས་བཤད།

        ཉན་སྤྲོ་བ་དང་། གོ་ཐུབ་པ། ངེས་ཐུབ་པ་བཅས་བྱུང་ཞིང་། པེ་ཅིང་ཚན་རྩལ་མཐོ་བའི་ཁེ་ལས་དང་དྲ་སྦྲེལ་ཁེ་ལས་སུ་སྤེལ་བའི་སྒྲོག་འགྲེལ་དེ་ཁེ་ལས་ཀྱིས་འགྲན་ལམ་གསར་པར་གསར་གཏོད་འཚོལ་ཞིབ་བྱེད་པ་དང་སྤེལ་རེས་ཟབ་མོ་ཐུབ་ཡོད། ཁེ་ལས་མཁས་ཅན་ཚོས་བཞུགས་མོལ་བྱེད་སྐབས། བློ་ཁོག་ཆེན་པོས་འཚོལ་ཞིབ་ཀྱི་ལམ་བུ་གསར་པར་བསྐྱོད་དེ་རྒྱལ་སྤྱིའི་ཚན་ཞིབ་ཀྱི་འགྲན་བསྡུར་ཁྲོད་དོག་ལམ་དུ་དཔའ་ངར་ཅན་ལ་རྒྱལ་ཁ་ཐོབ་པ་དང་དཔའ་ངར་ཅན་འདྲ་པོའི་ཁྲོད་བློ་སྟོབས་ཅན་ལ་རྒྱལ་ཁ་ཐོབ་ཐུབ་པར་བྱས་ནས། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་ཆེད་མུ་མཐུད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བཤད་པ་རེད།

        སྒྲོག་འགྲེལ་བྱེད་རིང་། པེ་ཅིང་གྲོང་ཁྱེར་གྱིས་ད་དུང་རྣམ་པ་གསར་གཏོད་བྱས་ཏེ། རིགས་གཅིག་མཁས་ཅན་གྱི་སྒྲོག་འགྲེལ་དང་། མི་སེར་གྱི་སྒྲོག་འགྲེལ། རིག་རྩལ་འཁྲབ་སྟོན་བཅས་རྣམ་པ་སྣ་ཚོགས་གཞི་གཅིག་ཏུ་འདུས་པ་དང་། ཕུལ་བྱུང་གི་རིགས་པའི་གཞུང་ལུགས་ཀྱི་རིགས་གཅིག་མཁས་ཅན་15དང་། མི་སེར་གྱི་སྒྲོག་འགྲེལ་བརྩམས་ཆོས30 སྲོལ་རྒྱུན་གཞས་མ་གཏམ་གྱི་བརྩམས་ཆོས་20བཅས་བདམས་པ། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”དང“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ”སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས“རིགས་པའི་གཞུང་ལུགས་ཀྱི་རྟ་དམག་ཧྲག་པོའི”དཔུང་ཁག་6བཙུགས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)དང་གསར་བརྗེའི་དྲན་གསོ་ཁང་གལ་ཆེན་སོགས་གཞི་རིམ་ཚན་པར་སྒྲོག་འགྲེལ་བྱས་པ་རེད།

        མིག་སྔའི་བར། པེ་ཅིང་གྲོང་ཁྱེར་གྱིས་རིམ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཐེངས་5000ཙམ་བྱས་པ་དང་ཉན་མཁན་མང་ཚོགས་མི་ཐེངས་ཁྲི་130ཙམ་ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1