ཉེ་ཆར། པྲོག་གསར་ནད་དུག་འགོས་ནས“གདགས་གཤིས”སུ་གྱུར་པའི་མི་ཇེ་མང་ནས་ཇེ་མང་ཡིན་པ་རེད། འོན་ཀྱང་། ད་སྐབས་སྨན་རྫས་མང་བོ་བཙོང་ཚར་ནས་ཉོ་རྒྱུ་མེད་པས། “མིད་པ་ན་བ་འདི་ཇི་ལྟར་སེལ་བ”དེ་མི་མང་བོས་དོ་ཁུར་བྱེད་པའི་གནད་དོན་དུ་གྱུར་ཡོད། འདི་ནས་ཚང་མར་མིད་པ་ན་བ་སེལ་བའི་བྱེད་ཐབས་བཞི་འོས་སྦྱོར་བྱས་ཡོད།
གཅིག སྦྲང་རྩི་ཉུང་ཙམ་འཐུང་བ།
སྦྲང་རྩིའི་ནང་གི75.6%ནི་ཀ་ར་དང་། 22%ནི་ཆུ། 2.3%ནི་ཚི་ལུ་དང་སྤྲི་དཀར། 0.1%ནི་འཚོ་བཅུད་དང་གཏེར་རྒྱུ་བཅས་ཡིན་ལ། གྲུབ་ཆ་འདི་དག་གིས་གློ་ཡུའི་ནང་གི་ཟགས་དངོས་འབྱར་ཁུ་སྐུལ་སྤེལ་བྱེད་པ་དང་། འབྱར་ཁུ་དེ་ཡིས་མིད་པ་དང་གློ་ཡུའི་ནད་ཤུགས་ཇེ་ཆུང་དུ་གཏོང་བའི་དབང་གིས། གློ་ལུ་བྱེད་པའི་ནད་རྟགས་ཇེ་ཡང་ལ་གཏོང་ཐུབ་པར་མ་ཟད། ད་དུང་སྐམ་ལུ་བྱེད་པ་ལའང་ཕན་པ་ལྷག་ཏུ་ཆེ་བ་ཡིན།
ཡིན་ནའང་། ལོ་གཅིག་ལོན་མེད་པའི་ཕྲུ་གུའི་རྒྱུ་ལམ་གྱི་སྲུང་ཡོལ་བྱེད་ནུས་ད་དུང་འཐུས་ཚང་དུ་གྱུར་མེད་པ་དང་། དབྱུག་སྲིན་གསོ་སྤེལ་ལ་ཚོད་འཛིན་བྱེད་ཐུབ་མིན་མི་ཤེས་པས། སྦྲང་རྩི་འཐུང་ན་དུག་ཕོག་པ་ཡིན།
གཉིས། དག་ཅིའི་ཀ་ར(薄荷糖果)ཟ་བ།
དག་ཅིའི་ཀ་ར་ཟོས་ན་མིད་པར་དྭངས་བསིལ་གྱི་ཚོར་བ་ཞིག་སྟེར་བ་དང་། དེ་ཡིས་མིད་པ་ན་བའི་ནད་རྟགས་ཞི་འཇགས་སུ་གཏོང་ཐུབ།
ཞིབ་འཇུག་ལས་གསལ་བ་ལྟར་བ་ན། དག་ཅི་ལ་སྐྲན་འགོག་དང་གཉན་འགོག་ཟུག་འཇོམས། སྨར་སྲིན་དང་ནད་དུག་འགོག་པ་བཅས་ཀྱི་ཕན་ནུས་ཡོད་པར་མ་ཟད། ད་དུང་དབང་རྩའི་མ་ལག་དང་འཇུ་ལམ་མ་ལག དབུགས་ལེན་མ་ལག་བཅས་ལའང་ཕན་པ་ངེས་ཅན་ཞིག་ཡོད་པ་རེད།
གསུམ། ཆུའི་འདུས་ཚད་མཐོ་བའི་སིལ་ཏོག་ཟ་བ།
དཔེར་ན་ཀྲིན་བླུགས་ཁམ་བུ(黄桃罐头)དང་ཤིང་ཏོག་ལི་ལྟ་བུ་ཚང་མའི་ཆུའི་འདུས་ཚད་མཐོ་བར་མ་ཟད། ད་དུང་བྲོ་བ་མངར་མོ་ཡིན་པས། མིད་པ་དང་གློ་ཡུ་མི་བདེ་བ་ཞི་འཇགས་སུ་གཏོང་ཐུབ།
བཞི། ཆུ་ཁོལ་མང་དུ་འཐུང་བ།
ཆུ་ཁོལ་མང་དུ་འཐུངས་ན། མིད་པ་དྭངས་རློན་དུ་གཏོང་བ་ཡིན། སྐྱེས་མ་ཡིན་ན། ཉིན་ལྟར་ཆུ་ཁོལ་ཧའོ་ཧྲང1500དང་སྐྱེས་པ་ཡིན་ན། ཉིན་ལྟར་ཆུ་ཁོལ་ཧའོ་ཧྲང1700འཐུང་དགོས་པ་དང་། ཆུ་ཁོལ་གྱི་དྲོད་ཚད40℃ཡི་ཡས་མས་ཡིན་ན་བཟང་།