༄༅།། བསང་མཆོད་བྱེད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 12-26


   བསང་མཆོད་ནི་བོད་ཀྱི་ལྷ་གསོལ་བའི་ཆོ་གའི་ནས་གོ་གནས་གལ་ཆེན་བཟུང་བའི་བྱེད་སྒོ་ཞིག་ཡིན།  དེ་ནི་རྣམ་པའི་ཐོག་ནས་བཤད་ན་གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་བསང་དུད་ཀྱིས་བདུགས་ཤིང་བསལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་ཡིན།ཆོ་ག་དེ་ནི་ཐོག་མར་བོན་ལུགས་ནས་བྱུང་བ་ཡིན་ཞིང་།བོན་བསྣུབས་པ་དང་ལཉམ་དུ་བཙན་གསོལ་གཉེན་གསོལ་གྱི་གོམས་སྲོལ་ཉམས་ན་ཡང་།ལྷ་གསོལ་བསང་གཏོང་གི་གོམས་སྲོལ་མུ་མཐུད་དུ་དར་རྒྱས་བྱུང་བ་རེད།ལྷ་གསོལ་བསང་གཏོང་གི་འདོད་སྨོན་དེའང་སྔོན་ཆད་ཚེ་རིང་ནད་མེད་དང་།དབང་ཐང་དང་རླུང་རྟ་སྐྱེད་པ།མི་དང་མི་མ་ཡིན་གྱི་ལས་རྣམ་པར་རྒྱལ་བ་སོགས་ཚེ་འདིའི་དོན་ཤས་ཆེར་དམིགས་པ་དེ་རིམ་བཞིན་ཆོས་མཐུན་གྱི་ཆ་རྐྱེན་འཕེལ་ཞིང་འགལ་རྐྱེན་ཞི་བ་སོགས་བདེ་དོན་གཉེར་བའི་ཕྱོགས་སུ་དམིགས་ཤུགས་ཇེ་ཆེར་གྱུར།ཡིན་ནའང་ལྷ་གསོལ་བསང་གཏོང་དང་།དར་འཛུགས་གནས་བསྐོར་སོགས་ཀྱི་བྱེད་སྒོའི་རྣམ་པ་ནི་ད་རུང་གནའ་བོའི་ལུགས་ལྟར་སྤྱོད་པ་ཤས་ཆེ།ལྷ་གསོལ་བསང་གཏོང་གི་བྱེད་སྒོ་དེས་བོད་ཀྱི་ལོ་རྒྱུས་སྟེང་ནས་གལ་ཆེ་བའི་གོ་གནས་བཟུང་ཡོད།

  \  

                                                                                      


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1