ཉེ་ཆར། ས་བབ་མཐོ་ཚད་སྨི་2250ཡས་མས་ཟིན་པའི་སྨར་ཁམས་རྫོང་རྨོག་ཤོད་ཤང་གི་་ས་མཐོའི་ཚ་ལུ་མར་ཐོན་འབབ་ལེགས་པོ་བྱུང་ཞིང་། སྔོན་དཔག་བྱས་ན་ཐོན་འབབ་རྒྱ་མ་ཁྲི་28ཟིན་རྒྱུ་རེད། མང་ཚོགས་ལ་འབབ་འཕར་ཡོང་ཆེད། 2014ལོ་ནས་བཟུང་། རྨོག་ཤོད་ཤང་གིས་རང་བྱུང་ལེགས་ཆར་བརྟེན་ནས། མུའུ་500ཡི་ཚ་ལུ་མའི་སྡོང་པོ་རིམ་བཞིན་བཙུགས་པ་དང་འབྲེལ། ས་མཐོའི་ཚ་ལུ་མའི་སྤུས་རྟགས་ཀྱང་ཤུགས་ཆེན་བཏོད་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་པ་རེད།
འདི་ནི་རྨོག་ཤོད་ཤང་རྨོག་ཤོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་མཱ་ཡུས་ཡུང་གིས་འབྲས་ཤིང་ལྡུམ་རར་ཚ་ལུ་མ་སྐྱེ་འཚར་ལ་ལྟ་བཞིན་པ།
འདི་ནི་དགུན་དུས་སྨིན་ཟིན་པའི་ཚ་ལུ་མ་ཡིན་པ།