སི་ཁྲོན་གྱིས་ཇེ་ལེཊ་བཏང་བའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ལམ་གསར་པ་ལྔ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-26


        དང་པོ། ཉིང་སྐྱུར་བརྟག་དཔྱད་ཀྱི་འཇུག་འབྲས་དཔྱད་བཤེར་ཚད་ལྡན་གཏོང་བ།

        སྨན་བཅོས་ལས་ཁུངས་སུ་གསར་དུ་བསྡད་པའི་ནད་པ་དང་ནད་གཡོག་གི་ཆུ་ཚོད་ཉེར་བཞིའི་རིང་གི་ཉིང་སྐྱུར་སྲིབ་གཤིས་ཀྱི་བདེན་དཔང་ལ་དཔྱད་བཤེར་བྱེད་དགོས།

        ཁ་འགེབ་ཕུད་ནས་སྨན་བཅོས་ཞབས་ཞུ་སྒྲུབ་དགོས་པའི་སྨན་བཅོས་ཚན་ཁག་ཏུ་ཆུ་ཚོད་ཞེ་བརྒྱད་རིང་གི་ཉིང་སྐྱུར་སྲིབ་གཤིས་ཀྱི་བདེན་དཔང་ལ་དཔྱད་བཤེར་བྱེད་དགོས།

        རྒན་གསོ་ཁང་དང་ཕན་བདེ་ཁང་། བཙོན་འཇུག་བྱེད་ས་རུ་ཕྱི་མི་ནང་དུ་འཛུལ་སྐབས། ཆུ་ཚོད་ཞེ་བརྒྱད་རིང་གི་ཉིང་སྐྱུར་སྲིབ་གཤིས་ཀྱི་བདེན་དཔང་ལ་དཔྱད་བཤེར་བྱེད་དགོས།

        སྡེ་ཁག(གནས་ཡུལ)གཞན་དག་ལ་དཔྱད་བཤེར་བྱེད་མི་དགོས།

        གཉིས་པ། ཚན་རིག་ལྟར་སྨན་བཅོས་དང་གོ་རིམ་ལྟར་ལས་ཁུངས་སུ་ཕྱིར་ལོག་པར་སྣེ་ཁྲིད་བྱེད་པ།

        ནད་རྟགས་མེད་པའི་ནད་པ་དང་ནད་རྟགས་ཡང་བའི་ནད་པས་མ་གཞིར་ཉིན་བདུན་རིང་ཁྱིམ་སྡོད་བདེ་ཐང་བརྟག་དཔྱད་བྱེད་དགོས་ལ། དགོས་གལ་ཆེན་པོ་མིན་ཚེ་སྨན་བཅོས་ལས་ཁུངས་སུ་ནད་བསྟེན་ས་འགྲོ་མི་དགོས།

        ཉིང་སྐྱུར་བརྟག་དཔྱད་དང་གདོད་འགོག་བརྟག་དཔྱད་སྲིབ་གཤིས་ཀྱི་བདེན་དཔང་དེ་ཁྱིམ་སྡོད་བདེ་ཐང་བརྟག་དཔྱད་མཇུག་སྒྲིལ་བའི་དགོས་ངེས་ཀྱི་ཆ་རྐྱེན་དུ་མི་བརྩི།

        རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཚན་གྱི་ནད་རྟགས་མེད་པ་དང་ནད་རྟགས་ཡང་བའི་ལས་བྱེད་པ་དང་ལས་བཟོ་པས་རང་གི་ལུས་པོའི་གནས་ཚུལ་དང་ལས་གནས་ཀྱི་དགོས་མཁོ་ལྟར་མི་སྒེར་གྱི་འགོག་སྲུང་ཡག་མོ་སྒྲུབ་ནས་རྒྱུན་ལྡན་ལྟར་ལས་གནས་ལ་ཞུགས་ཆོག །

        གསུམ་པ། སྨན་བཅོས་དངོས་རྫས་གསོག་འཇོག་མཁོ་འདོན་ཤུགས་ཆེ་རུ་གཏོང་བ།

        སྨན་རྫས་གཙོ་བོ་ཐོན་སྐྱེད་དང་འཁོར་རྒྱུན་རྩ་འཛུགས་བྱེད་པ་དང་། ཁེ་ལས་ཀྱིས་སྨན་བཅོས་དངོས་རྫས་ཐོན་སྐྱེད་དང་སྨན་རྫས་ཉོ་སྒྲུབ་གསོག་འཇོག་གི་ལས་དོན་དམ་འཛིན་ནན་མོ་བྱས་ཏེ། དུས་ལྟར་དུ་སྨན་རྫས་དང་གདོད་འགོག་བརྟག་དཔྱད་ཚོད་ལྟའི་སྨན་རྫས། འགོག་སྲུང་དངོས་རྫས་སོགས་སྨན་བཅོས་ལས་ཁུངས་དང་དམངས་ཕན་སྨན་ཁང་དུ་སྐྱེལ་བ།

        སྡོད་ཁུལ་སྨན་རྫས་སྐྱེལ་འདྲེན་རུ་ཁག་འཛུགས་པར་སྐུལ་འདེད་གཏོང་དགོས།

        སྨན་བཅོས་ལས་ཁུངས་ཀྱི་མཛུབ་སྟོན་འོག་སྟབས་བདེའི་སྨན་རྫས་ཁུག་མ་སྐྱེལ་འདྲེན་བྱེད་དགོས།

        བཞི་པ། ནད་བརྟག་སྨན་བཅོས་ཞབས་ཞུ་ཇེ་ལེགས་གཏོང་བ།

        མྱུར་སྐྱོབ་ཞབས་ཞུ་མི་དགོས་ཚེ་120འཕྲིན་ལམ་གྱི་མྱུར་སྐྱོབ་ཐོན་ཁུངས་འགོག་བཟུང་བྱེད་མི་རུང་། ཉེན་ཁ་ཆེ་ཞིང་མྱུར་སྐྱོབ་དགོས་པའི་ནད་གཞི་ལྕི་བའི་ནད་པ་ལ་དུས་ལྟར་ཕན་ནུས་ལྡན་པའི་མྱུར་སྐྱོབ་དང་སྨན་བཅོས་ཐུབ་པར་འགན་ལེན་བྱེད་དགོས།

        གྲོང་པའི་འཕྲོད་བསྟེན་ཁང་དང་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས། མི་སྒེར་གྱི་སྨན་བཅོས་ཁང་། སྒོ་བསྟེན་སྨན་ཁང་སོགས་སྨན་བཅོས་ལས་ཁུངས་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་པའི་ཆ་རྐྱེན་འོག །ཚ་བ་ཕོག་མཁན་དང་དབུགས་ལམ་ནད་རྟགས་ཡོད་པའི་ནད་པ་ལ་སྨན་བཅོས་བཟོ་དགོས།

        ལྔ་པ། མི་སྒེར་གྱིས་སྔོན་འགོག་དང་ཚོད་འཛིན་འོས་འགན་ལག་ལེན་བསྟར་བར་སྣེ་ཁྲིད་བྱེད་དགོས།

        ཚོགས་པའི་བྱེད་སྒོ་ལ་ཞུགས་པ་དང་སྤྱི་པའི་གནས་ཡུལ་དུ་འགྲོ་བ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སོགས་ལ་འདུག་སྐབས་ཁ་འགེབ་གྱོན་དགོས་པ་དང་། ནམ་ཡིན་ཡང་ལག་པ་ལ་དུག་སེལ་ཡག་མོ་བཟོས་ནས། སྨི་གཅིག་གི་བདེ་ཐང་གི་འབྲེལ་གཏུག་བར་ཐག་རྒྱུན་འཁྱོངས་བྱེད་དགོས།

        རྒན་རྒོན་ལ་འགོག་ཁབ་དང་ཤུགས་སྣོན་འགོག་སྨན་མགྱོགས་མྱུར་རྒྱག་པར་སྐུལ་འདེད་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1