རྔ་ཁུལ་ཧུང་ཡོན་གནམ་གྲུ་ཐང་གིས་ཟླ་12ཚེས་20ཉིན་དངོས་སུ་ཧུང་ཡོན་ནས་ལྷ་སའི་བར་གྱི་མཁའ་ལམ་ཤར་གཏོང་སླར་གསོ་བྱས།
རྒྱ་ཆེའི་མང་ཚོགས་རྣམས་ཀྱི་འགྲུལ་བཞུད་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཆེད། རྒྱལ་ཁབ་རིམ་པའི་མཁའ་འགྲུལ་སྡེ་ཁག་གིས་བཏོན་པའི་རིམས་འགོག་བླངས་བྱ་གཞིར་བཟུང་ནས། རྔ་བ་ཁུལ་ཧུང་ཡོན་གནམ་གྲུ་ཐང་གིས་རང་འགུལ་ངང་དམངས་སྤྱོད་མཁའ་འགྲུལ་དང་རྒྱལ་ཁབ་མཁའ་འགྲུལ་སོགས་ལ་བྱེད་ཐབས་སྣ་ཚོགས་སྤྱད་དེ་འབྲེལ་མཐུད་གང་མང་བྱས་པ་བརྒྱུད། ཁྲེང་ཏུའུ་དང་ཧུང་ཡོན། ལྷ་ས་བཅས་ཀྱི་མཁའ་ལམ་དེ་རིང་ནས་དངོས་སུ་ཤར་གཏོང་སླར་གསོ་བྱས།
འགྲུལ་བ་སུ་དང་གང་ཡིན་རུང་བློ་བདེ་བག་ཕེབས་ངང་སྐྱེལ་རྒྱུ་ནི་ངེད་རྔ་ཁུལ་ཧུང་ཡོན་གནམ་གྲུ་ཐང་གི་འགྱུར་མེད་སེམས་འདུན་ཡིན་ལ། ང་ཚོའི་མུ་མཐུད་དུ་ཁ་སེམས་མགུ་བའི་ཞབས་ཞུར་འཐུས་ཤོར་དང་ལྷོད་གཡེང་མེད་པར་ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་ཁུར་ཕྲག་ཏུ་བླངས་ཏེ་སྐུ་ཉིད་ཡུལ་ལ་ལོག་པའི་མཁའ་ལམ་ཡངས་པོར་ཕྱེ་ཡོད། ཞེས་ཧུང་ཡོན་གནམ་གྲུ་ཐང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད།
གནམ་གྲུའི་འཕུར་ཐེངས།
གཟའ་འཁོར་རེ་རེའི་གཟའ་མིག་དམར་དང་སྤེན་པ་གཉིས་ལ་གཏོང་རྒྱུ། འཕྲུལ་ཨངA139དང་གནམ་གྲུའི་ཨང་རྟགསCA2535/6ཡིན་ལ། ཁྲེང་ཏུའུ་གྲོང་ཁྱེར་རྒྱལ་སྤྱིའི་ཐེན་ཧྥུ་གནམ་གྲུ་ཐང་ནས་རྒྱལ་ནང་གི་དུས་ཚོད་10དང་སྐར་མ་5སྟེང་འཕུར་མགོ་ཚུགས་ཏེ་དུས་ཚོད་11དང་སྐར་མ་10སྟེང་ཧུང་ཡོན་གནམ་གྲུ་ཐང་དུ་འབབ་པ་དང་། དུས་ཚོད་11དང་སྐར་མ་50སྟེང་ཧུང་ཡོན་གནམ་གྲུ་ཐང་ནས་འཕུར་མགོ་ཚུགས་ཏེ་དུས་ཚོད་14དང་སྐར་མ་10སྟེང་ལྷ་ས་རུ་འབྱོར་ལ། ལྷ་ས་ནས་དུས་ཚོད་13སྟེང་འཕུར་མགོ་ཚུགས་ཏེ་དུས་ཚོད་14དང་སྐར་མ་55སྟེང་ཧུང་ཡོན་གནམ་གྲུ་ཐང་དུ་འབབ་པ། དེ་ནས་ཧུང་ཡོན་གནམ་གྲུ་ཐང་ནས་དུས་ཚོད་15དང་སྐར་མ་45སྟེང་འཕུར་མགོ་ཚུགས་ཏེ་དུས་ཚོད་16དང་སྐར་མ་45སྟེང་ཁྲེང་ཏུའུ་ཐེན་ཧྥུ་གནམ་ཐང་དུ་འབྱོར་ངེས་སོ།
གནམ་གྲུའི་འཕུར་ཐེངས་ཀྱི་ཞིབ་ཕྲའི་རེའུ་མིག
འགྲུལ་བ་ཚོར་དྲན་སྐུལ་ཞུ་དོན།
ཉིང་སྐྱུར་བརྟག་འབྲས་དང་བདེ་ཐང་བཤེར་རིས། ལམ་ཐིག་བཤེར་རིས་སོགས་ཀྱི་ཞིབ་བཤེར་བྱེད་མི་དགོས། གནམ་གྲུ་ཐང་དུ་འབྱོར་རྗེས་ལོགས་བཀར་དང་ཉིང་སྐྱུར་བརྟག་ཞིབ་བྱེད་མི་དགོས།