དགུན་ཁར་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ་མི་སེམས་དྲོ་རུ་བཅུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 01-03



        མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེ་བའི་གནད་དོན་སྔར་ལས་ཐག་གཅོད་གང་ལེགས་བྱེད་ཆེད། ༢༠༢༣ལོའི་ཟླ༡པའི་ཚེས༡ཉིན། མཛོད་དགེ་རྫོང་གིས་སྐབས་གཉིས་པའི་དགུན་དུས་ཀྱི་དྲོ་སྐྱིད་བསྐྱལ་ཏེ་ཁེ་ལས་ཀྱི་ཉམས་འགྱུར་ལེགས་པར་མངོན་པའི་འཚམས་འདྲིའི་བྱེད་སྒོ་སྤེལ།

        གནམ་གཤིས་གྲང་ངར་ཆེ་རུང་མཁའ་རླུང་ཁྲོད་དྲོ་སྐྱིད་ཀྱིས་ཁེངས་ཡོད། མཛོད་དགེ་རྫོང་དམངས་སྲིད་ཅུས་དང་བྱམས་ལྡན་ཁེ་ལས། སྤྱི་ཚོགས་ལས་དོན་སྒྲིག་གཞི་བཅས་ཀྱི་ལས་དོན་མི་སྣ་ས་གནས་དེ་གར་རོགས་རམ་མཁོ་བའི་ཁྱིམ་ཚང་ལ་འབྲས་དང་། ཕྱེ། སྣུམ། ཕག་ཤ་དང་འོ་ཇ་བཅས་བསྐྱལ།  འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་ལ་བྱམས་ལྡན་ཁེ་ལས་ཀྱིས་འཚོ་བའི་དངོས་ཟོག་རྒན་རྒོན་གྱི་ཁྱིམ་དུ་བསྐྱལ་ཏེ།  རྒན་རྒོན་དང་ངོ་འཕྲད་ཀྱིས་གཏམ་གླེང་བྱས་ནས་ཁྱིམ་ཚང་གི་གནས་ཚུལ་འདྲི་རྟོག་ཞིབ་ཕྲ་གནང་བ་དང་། ཁོང་ཚོས་འཚོ་བའི་ཐད་བཅངས་པའི་བསམ་ཚུལ་དང་རེ་སྒུག་རྒྱུས་ལོན་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གིས་ཁོང་ཚོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བས། རྒན་རྒོན་ཚོས་གཅིག་རྗེས་གཉིས་མཐུད་ངང་ལས་དོན་མི་སྣར་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་གནང་།

        འཚམས་འདྲིའི་བྱེད་སྒོ་མཇུག་བསྒྲིལ་རྗེས་ཕྱོགས་སྡོམ་བཞུགས་མོལ་ཚོགས་འདུ་འཚོགས།  བཞུགས་མོལ་ཚོགས་འདུར་བྱམས་ལྡན་ཁེ་ལས་ཀྱི་འཐུས་མིས་ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོར་ཞུགས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་འབྲེལ། རྗེས་ཕྱོགས་སུ་སྤྱི་ཚོགས་ཀྱི་འགན་འཁྲི་མུ་མཐུད་དུ་ཁུར་ནས། སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུས་དགེ་ནུས་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་པར་བསྟན།




མཛོད་དགེ་རྫོང་གངས་ལྗོངས་ཟོ་དང་ཇའི་བཟའ་བཅའ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ། ཀླུ་འབུམ་ཚེ་རིང་།


        ད་ཐེངས་ཀྱི་སྤང་རྒྱན་མེ་ཏོག་གི་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཀྱིས་ཁེ་ལས་ལྔ་གདན་འདྲེན་གྱིས་འབྲིང་བ་ཡུལ་ཚོར་བསྐྱོད་དེ། སྐབས་གཉིས་པའི་དགུན་དུས་ཀྱི་དྲོ་སྐྱིད་བསྐྱལ་བའི་བྱེད་སྒོ་སྤེལ། ང་རང་འབྲིང་བ་ཡུལ་ཚོར་བསྐྱོད་པ་ན། སྤྱི་ཚོགས་སུ་ད་དུང་རོགས་རམ་མཁོ་བའི་ཁྱིམ་ཚང་མང་བོ་ཞིག་ཡོད་པའི་མྱོང་ཚོར་ཟབ་མོ་སྟེར་བས། ང་ཚོའི་མཛོད་དགེ་རྫོང་གི་ཁེ་ལས་མང་བོ་ཞིག་བྱེད་སྒོ་འདིར་ཞུགས་པར་རེ་བ་ཞུ།

        རྒྱུས་ལོན་པ་ལྟར་ན།  ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་ནི་ཁྱིམ་ཚང༡༥ལ་ཁྱབ་ཡོད། ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་སྣ་མང་གི་དང་བླངས་ཞབས་ཞུ་ལས་དོན་སྤེལ་བ་བརྒྱུད། དང་བླངས་པ་དེ་བས་མང་བོ་སྤྱི་ཕན་བྱེད་སྒོར་ཞུགས་པར་སྐུལ་ཁྲིད་བྱས་ནས། ལེགས་སྐྱེས་དང་མཛའ་བརྩེ། རོགས་རེས་བཅས་ཀྱི་དང་བླངས་སྙིང་སྟོབས་རྒྱུན་མི་ཆད་པར་དར་སྤེལ་བཏང་བས།  སྤྱི་ཚོགས་དེ་བས་ཞི་མཐུན་དང་མཛེས་སྡུག་ལྡན་པར་གྱུར། ད་ཐེངས་ཀྱི་བྱེད་སྒོ་འདིའི་ཐོག་ནས་བྱམས་ལྡན་ཁེ་ལས་ཀྱིས་ཐོན་སྐྱེད་གཉེར་སྐྱོང་ཡག་པོ་གནང་བར་མཚོན་པར་མ་ཟད།  སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་གིས་ཁུར་ཞིང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་བ། སྤྱི་ཚོགས་ཀྱི་རིན་ཐང་བརྒྱུད་སྤྲོད་བྱས་ཤིང་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་བཅས་མཚོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1