“བདེ་ཐང་སྨན་ཁུག”སྤྲད་ནས་བདེ་ཐང་འགན་ལེན་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 01-04


འདི་ནི་བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་མཐུན་སྒྲིལ་སྡེ་ཁུལ་གྱི་ལས་དོན་མི་སྣས་རྒན་རྒོན་ལ“བདེ་ཐང་སྨན་ཁུག”སྤྲད་པ་དང་འབྲེལ་སྨན་གཏོང་སྟངས་སློབ་བཞིན་པ།

འདི་ནི་འབྲེལ་ཡོད་ལས་དོན་མི་སྣས“བདེ་ཐང་སྨན་ཁུག”བགོས་བཞིན་པ།

        ནད་གཞི་ཕོག་སླ་བའི་རྒན་རྒོན་མི་ཚོགས་ཀྱི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་གི་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ཏེ་རྒན་རྒོན་གྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་གང་ཐུབ་བྱེད་ཆེད། ཉིན་ཤས་བསྟུད་མར་བསམ་གྲུབ་རྩེ་ཆུས་ཀྱིས་གཙོ་གནད་མི་ཚོགས་ལ“བདེ་ཐང་སྨན་ཁུག”སྤྲོད་པའི་ལས་དོན་སྤེལ་ནས་ཁྱོན་བསྡོམས“བདེ་ཐང་སྨན་ཁུག”12232སྤྲད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི“བདེ་ཐང་སྨན་ཁུག”ནི་གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་མཁོ་སྤྲོད་བྱས་ཤིང་། གཙོ་བོ་སྨན་ལན་ཧྭ་ཆིང་དབུན(ཁྲག་ཤེད་མཐོ་བར་བདེ་ཐང་སྨན་ཁུག་ནང་སྨན་དེ་བླུག་མེད)དང་། ནད་དུག་འགོག་པའི་སྨན། ཆམ་འགོག་དུག་སེལ་སྨན། བོད་སྨན་ལོ་གྱོན་སོགས་དང་དེ་བཞིན་ཚ་བ་ལྟ་ཆས་དང་། གདོད་འགོག་བརྟག་ཆས། N95ཁ་རས། ལག་ཤུབས་སྤྱོད་གཅིག་མ་སོགས་འགོག་སྲུང་དངོས་རྫས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1