མཛོད་དགེ་རྩྭ་ཐང་ཆེན་མོར་ཆབ་རོམ་གྱི་མེ་ཏོག་རྣམ་པར་བཞད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 01-04


        ཉེ་ཆར་གནམ་གཤིས་གློ་བུར་དུ་ཇེ་གྲང་ལ་སོང་བས། ས་བབ་མཐོ་ཚད་ལ་སྨི3500ཡོད་པའི་མཛོད་དགེ་རྩྭ་ཐང་ཆེན་མོར་ཆབ་རོམ་གྱི་མེ་ཏོག་རྣམ་པར་བཞད།




        ཞོགས་པ་སྔ་མོར་མཚོ་ཁྲའི་ཆུ་ཁར་ཆབ་རོམ་གྱི་འོད་དཀར་རྣམ་པར་འཕྲོས་ཏེ།  གསེར་མདོག་གི་རྩྭ་ཐང་ལ་སྔར་མེད་ཀྱི་ཉམས་འགྱུར་གསར་བ་བསྣན།  རྩྭ་ཆུ་གཉིས་ཀའི་ཕྱེད་ནི་ཆབ་རོམ་གྱིས་བཏུམས་ཤིང་ཕྱེད་ནི་དར་ཁའི་མེ་ཏོག་ཏུ་བཞད་པས།  དབྱིབས་དང་རྣམ་པ་སྣ་ཚོགས་ལྡན་ལ་འོད་དུ་འཕྲོ་བས་ལྷག་ཏུ་ཡིད་དུ་འོང་།  ཆབ་རོམ་གྱི་མེ་ཏོག་ནི་ཉི་མའི་འོག་ནས་འོད་དཀར་ཆེམ་ཆེམ་དུ་འཕྲོ་ཞིང་བརྗིད་ཉམས་ལྷག་ཏུ་ཆེ་བས།  དགུན་ཟླ་འབྲིང་བའི་མཛོད་དགེར་སྤྲོ་སྐྱིད་གསར་བ་བསྣན།  འདི་ནི་དགུན་ཁས་མཛོད་དགེ་ལ་ཕུལ་བའི་ཐུན་མིན་གྱི་མཛེས་ཆོས་གསར་བ་ཞིག་ཨང་།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1