ཉེ་ཆར། བལ་ཡུལ་དུ་བྱུང་བའི་ས་འགུལ་ཚབས་ཆེན་དེས་རང་རྒྱལ་བོད་ལྗོངས་ཀྱི་གཉའ་ལམ་རྫོང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་7903གྱི་ཡུལ་ཤོག་དང་གྲོང་རྡལ་7གྱི་སྲིད་འཛིན་གྲོང་ཚོ་44ལ་གནོད་སྐྱོན་ཐེབས་ཤིང་། དེའི་ཁྲོད་གཉའ་ལམ་དང་འགྲམ་གྲོང་རྡལ་གཉིས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་དེ། ཁྱིམ་ཚང་2723གྱི་མང་ཚོགས་ལ་གནོད་འཚེ་ཐེབས་ཤིང་། མི་9རྐྱེན་ལམ་དུ་ཤོར་བ་དང་། མི་4གར་སོང་ཆ་མེད་དུ་གྱུར་ཡོད། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་13907བདེ་འཇགས་ཀྱི་ས་རུ་གནས་སྤོས་ཡོད།
གནོད་ཐེབས་མང་ཚོགས་ཀྱི་བདེ་འགོད་ལས་ཀ་གང་ལ་གང་འཚམས་བྱུང་ཡོད།
མིག་སྔར་གནོད་ཐེབས་མང་ཚོགས་བདེ་འགོད་འོས་འཚམས་བྱ་རྒྱུ་དང་། རོགས་སྐྱོར་དངོས་རྫས་དང་འཚོ་བའི་ཉེར་སྤྱོད་འགྲེམ་སྤྲོད་བྱ་རྒྱུ་ནི་ས་གནས་སྲིད་གཞུང་གིས་གནོད་འགོག་རྒུད་སྐྱོབ་བྱ་རྒྱུའི་ལས་འགན་ཨང་དང་པོར་གྱུར་ཡོད་ཅིང་། རས་གུར་དང་། ཉལ་གོས། སྲིང་བལ་གྱོན་ཆས། གཏེར་ཆུ། སྟབས་བདེའི་རྒྱ་ཐུག རྩམ་པ་ལ་སོགས་པའི་གཞི་རྩའི་འཚོ་བའི་མཁོ་རྫས་མང་ཚོགས་ཀྱི་ལག་ཏུ་བསྐྱལ་ཡོད།
ས་གནས་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་ཉེར་མཁོའི་དངོས་པོ་སྤྲོད་བཞིན་པ།