ཀུ་ཤུ་ཁ་པར་ཀྲུང་གོ་ནས་ཕྱིར་འཚོང་བྱས་པའི་མཚོན་བྱེད་རི་མོ།
ད་ལོའི་ལོ་སྟོད་ཀྱི་ཟླ་3རིང་དུ། ཨ་རིའི་ཆེས་སྟོབས་འབྱོར་ལྡན་པའི་ཚན་རྩལ་སྤྱི་གཉེར་ཁང་སྟེ་ཀུ་ཤུ་སྤྱི་གཉེར་ཁང་གིས་བསྡོམས་པས་ལག་ཁྱེར་ཁ་པར་ཁྲི་6120ཕྱིར་བཙོང་བྱས་ཡོད་ལ། ཀུ་ཤུའི་ལག་ཁྱེར་ཁ་པར་ཚོང་ཧ་ཅང་བྲིན་པའི་ཤུགས་རྐྱེན་ལ་བརྟེན། ཀུ་ཤུ་སྤྱི་གཉེར་ཁང་ནི་ཨ་རིའི་ཚོང་ཡག་ཤོས་ཀྱི་ཁྲོམ་ཞུགས་སྤྱི་གཉེར་ཁང་དུ་གྱུར་ཡོད་ལ། སྤྱིའི་ཁེ་སྤོགས་ཨ་སྒོར་དུང་ཕྱུར་136ཡིན་པ་དང་། དུས་མཉམ་དང་བསྡུར་ན་33%གོང་འཕར་བྱུང་ཡོད། དེ་ལས་གཞན། ཀྲུང་གོ་ནས་ཀུ་ཤུ་ཕྱིར་འཚོང་བྱེད་ཚད་ཐོག་དང་པོར་ཨ་རི་ལས་བརྒལ་ཏེ། དུས་ཡུན་ཐུང་ཐུང་ནང་71% གོང་འཕར་བྱུང་ཡོད།
ཀྲུང་གོའི་འཛད་སྤྱོད་མཁན་ཞིག་གིས་ཀུ་ཤུ་རབས་དྲུག་པ་འདེམས་ཉོ་བྱེད་བཞིན་པ།
ཀུ་ཤུ་སྤྱི་གཉེར་ཁང་གིས་ཚེས་27ཉིན་སྤྱི་བསྒྲགས་བྱས་པ་ལྟར་ན། 2015ལོའི་དུས་ཚུགས་དང་པོར། ཀུ་ཤུ་སྤྱི་གཉེར་ཁང་གི་ཡོང་འབབ་རྐྱང་བ་ཨ་སྒོར་དུང་ཕྱུར་135.7ཟིན་ཞིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་33%གོང་འཕར་བྱུང་སྟེ། དེའི་ཡར་སྔོན་དུ་དབྱེ་ཞིབ་མཁན་གྱིས་ཚོད་དཔག་བྱས་པ་ལས་བརྒལ་ནས། ཕལ་ཆེར་ཨ་རིའི་ཆེས་ཚོང་ཡག་པའི་ཁྲོམ་ཞུགས་སྤྱི་གཉེར་ཁང་ཨང་གཉིས་པ་མའོ་ཁུ་སྨན་རྫས་བཟོ་སྐྲུན་སྤྱི་གཉེར་ཁང་གི་ལྡབ་གཅིག་ཟིན་ཡོད། དུས་ཚུགས་འདིའི་རིང་ཀུ་ཤུ་སྤྱི་གཉེར་ཁང་གི་སྤྱིའི་ཕྱིར་འཚོང་རིན་ཚད་ཨ་སྒོར་དུང་ཕྱུར་580ཡིན་པ་དང་། དུས་མཉམ་དང་བསྡུར་ན 28%གོང་འཕར་བྱུང་ཡོད།