༄༅།། ནར་མ་སོན་པའི་བྱིས་པ་KTVརུ་འགྲོ་མི་ཆོག་པ་གཏན་འབེབས་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 01-10


        སྤྲོ་གསེང་རོལ་རྩེད་ཁང་ནང་སྐྱོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། སྤྱི་ཟླ་1པོའི་ཚེས་5ཉིན་ནར་མ་སོན་པའི་བྱིས་པ་KTVརུ་འགྲོ་མི་ཆོག་པའི་གནས་ཚུལ་དེ་པོད་འཕྲིན་སྟེང་རྒྱ་ཆེར་ཁྱབ་སྟེ་ཀུན་གྱིས་གྲོས་བསྡུར་མང་པོ་བྱས་འདུག གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་བྱིས་པ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དོན་ཚན་58པའི་ནང་གཏན་འབེབས་བྱས་པ་ལྟར་ན། སློབ་གྲྭ་དང་བྱིས་གསོ་ཁང་གི་ཉེ་འཁོར་དུ་ཚོང་གཉེར་རང་བཞིན་གྱི་རོལ་རྩེད་ཁང་དང་། ཆང་ཁང་། དྲ་ཁང་སོགས་ནར་མ་སོན་པའི་བྱིས་པར་མི་འཚམ་པའི་རོལ་རྩེད་ཁང་འཛུགས་མི་ཆོག་པ་དང་། ཚོང་གཉེར་རང་བཞིན་གྱི་གླུ་གར་རོལ་རྩེད་ཁང་དང་ཆང་ཁང་། དྲ་ཁང་སོགས་ནར་མ་སོན་པའི་བྱིས་པར་མི་འཚམ་པའི་རོལ་རྩེད་ཁང་གཉེར་མཁན་གྱིས་ནར་མ་སོན་པའི་བྱིས་པ་ཡོང་བར་བཀག་འགོག་བྱེད་དགོས། རོལ་རྩེད་དོ་རའི་ནང་བཙུགས་པའི་གློག་རྡུལ་རོལ་རྩེད་སྒྲིག་ཆས་དག་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་ངལ་གསོའི་དུས་ཚོད་ཕུད་ནར་མ་སོན་པའི་བྱིས་པ་གཏོང་མི་ཆོག་ལ། ཚོང་གཉེར་བས་མངོན་ཆེ་སར་ནར་མ་སོན་པའི་བྱིས་པ་ཡོང་མི་ཆོག་པའི་སྒོ་བྱང་འགེལ་བའམ་དྲན་སྐུལ་ཡི་གེ་སྦྱར་དགོས། ནར་སོན་མིན་དཔོག་དཀའ་བར་ཐོབ་ཐང་ལག་ཁྱེར་བསྟན་རྒྱུའི་བླང་བྱ་འདོན་དགོས་པའི་གཏན་འབེབས་བྱས་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1