སི་ཁྲོན་ཞིང་ཆེན་གྱི་དམངས་ཆེན་གྲོས་ཚོགས་མཇུག་བསྒྲིལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-16



ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ་བ།

སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་བདམས་ཐོན་བྱུང་ཞིང་། ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་གདམ་བྱའི་འོས་མི་བློ་མཐུན་ཀྲའོ་ལེ་ཅི་བདམས་ཐོན་བྱུང་བ།

ཝང་ཞའོ་ཧུའེ་ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཧོང་ཆང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་ལ་འདེམས་བསྐོ་བྱས།

ཝང་ཡན་ཧྥེ་དང་ལུའོ་ཆང་། ཀྲུའུ་ཁྲུན་ཞིའུ། ཕིང་ལིན། སུང་ཁྲའོ་ཧྭ། ཝང་ཧྥེ། ལིའུ་ཕིང་། ཧོ་ཡན་ཀྲེང་། ཀྲུ་ཅ་ཏེ། ཧོ་ལི་བཅས་ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས།

ལི་ཡུན་ཙེ། དབྱང་ཞིང་ཕིང་། ཡེ་ཧན་པིན། ཐེན་ཆིང་ཡིང་། ཧུའུ་ཡུན། ཀྲེང་པེ། ཏོན་དབྱི་ཅུན་བཅས་ཞིང་ཆེན་གྱི་ཞིང་དཔོན་གཞོན་པར་འདེམས་བསྐོ་བྱས་པ་དང་། ལིའོ་ཅན་ཡུས་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས།

ཝང་ཧྲུའུ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་དང་། ཀོ་ཞའོ་ཡན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་དུ་བདམས།

ཝང་ཞའོ་ཧུའེ་ཡིས་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། ཐེན་ཞང་ལི་ཚོགས་འདུར་ཞུགས།

        སྤྱི་ཟླ་དང་པོའི་ཚེས་15ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་ལེགས་འགྲུབ་བྱུང་རྗེས་བདེ་བླག་ངང་ཁྲེང་ཏུའུ་རུ་མཇུག་བསྒྲིལ།

        ཚོགས་ཆེན་དུ་འཐུས་མི་880ཕེབས་དགོས་པ་དང་དངོས་སུ་འཐུས་མི་857ཕེབས་ཡོད་པས་གཏན་འབེབས་མི་གྲངས་དང་མཐུན་པ།

        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། མཇུག་སྒྲིལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཞའོ་ཧུའེ་ཡིས་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་གནང་བ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། མཇུག་སྒྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཡུས་ལི་ཅུན་དང་། ཝང་ཉིང་། ཝང་ཡན་ཧྥེ། ཏེང་ཡུང་། ཝང་དབྱི་ཧུང་། དབྱང་ཧུང་པོ། ཕིང་ལིན། སུང་ཁྲའོ་ཧྭ། ཝང་ཧྥེ། ལིའུ་ཕིང་། ཧོ་ཡན་ཀྲེང་། ཅ་རུའེ་ཡུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

        ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་མཇུག་སྒྲིལ་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པ་རེད།

        ཐེངས་འདིའི་ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་དང་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག །ཚོགས་ཆེན་གྱིས་མིང་ཐོ་མི་འགོད་པའི་འདེམས་ཤོག་འཕེན་སྟངས་སྤྱད་དེ། སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་147བདམས་ཐོན་བྱུང་བ་དང་། ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་གདམ་བྱའི་འོས་མི་བློ་མཐུན་ཀྲའོ་ལེ་ཅི་བདམས་ཐོན་བྱུང་བ།

        ཚོགས་ཆེན་དུ་ཝང་ཞའོ་ཧུའེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དུ་འདེམས་བསྐོ་བྱས་པ་དང་། ཝང་ཡན་ཧྥེ་དང་ལུའོ་ཆང་། ཀྲུའུ་ཁྲུན་ཞིའུ། ཕིང་ལིན། སུང་ཁྲའོ་ཧྭ། ཝང་ཧྥེ། ལིའུ་ཕིང་། ཧོ་ཡན་ཀྲེང་། ཀྲུ་ཅ་ཏེ། ཧོ་ལི་བཅས་ཀྲུའུ་རེན་གཞོན་པར་བདམས། ཅ་རུའེ་ཡུན་དྲུང་ཡིག་ཆེན་མོར་བདམས་པ། ཧོང་ཆང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་ལ་འདེམས་བསྐོ་བྱས་པ་དང་། ལི་ཡུན་ཙེ། དབྱང་ཞིང་ཕིང་། ཡེ་ཧན་པིན། ཐེན་ཆིང་ཡིང་། ཧུའུ་ཡུན། ཀྲེང་པེ། ཏོན་དབྱི་ཅུན་བཅས་ཞིང་དཔོན་གཞོན་པར་འདེམས་བསྐོ་བྱས། ལིའོ་ཅན་ཡུས་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས། ཝང་ཧྲུའུ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ལ་འདེམས་བསྐོ་བྱས་པ་དང་། ཀོ་ཞའོ་ཡན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་དུ་འདེམས་བསྐོ་བྱས། གསར་དུ་བདམས་པའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་ཀོ་ཞའོ་ཡན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུར་སྒུག་དགོས།

        ཚོགས་ཆེན་ལས་ད་དུང་ཝང་ཐེན་ཧྥུ་སོགས་ཀྱི་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་82འདེམས་བསྐོ་བྱས།

        འདེམས་བསྐོའི་མཇུག་འབྲས་སྤྱི་བསྒྲགས་བྱས་རྗེས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཝང་ཞའོ་ཧུའེ་དང་ཧོང་ཆང་སོགས་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་ལན་གནང་བ།

        ཚོགས་འདུར་རྩ་ཁྲིམས་ཀྱི་དམ་བཅའི་མཛད་སྒོ་སྤེལ་ཏེ། ཚོགས་ཆེན་དུ་ཞུགས་པའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མིའི་ལྟ་སྐུལ་དམ་བཅའི་འོག །གསར་དུ་བདམས་ཐོན་བྱུང་བའི་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དྲུང་ཡིག་ཆེན་མོ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་དཔོན། ཞིང་དཔོན་གཞོན་པ། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་བཅས་ཀྱིས་ཐུན་མོང་གིས་དམ་བཅའ་བཞག་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས་སྣེ་ཁྲིད་དེ་དམ་བཅའ་བཞག །

        ཚོགས་འདུའི་ཐོག་བརྡས་ཐག་གཅོད་ནས་སྲིད་གཞུང་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། སི་ཁྲོན་ཞིང་ཆེན་གྱི་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་སྐོར། 2023ལོའི་འཆར་གཞིའི་གྲོས་ཆོད། སི་ཁྲོན་ཞིང་ཆེན་གྱི་2022ལོའི་སྔོན་རྩིས་འཆར་འགོད་ལག་བསྟར་གནས་ཚུལ་དང་2023ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད། 《སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི<སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གཞུང་དོན་གྲོས་བསྡུར་གྱི་ལམ་སྲོལ>བཟོ་བཅོས་སྐོར་གྱི་ཆོད་དོན》དང་། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཚབ་མཛད་ནས་སྐབས་བཅུ་གསུམ་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་བ་དང་བླ་ན་མེད་པའི་གུས་འདུད་ཞུས། ཁོང་གིས་བསྟན་དོན། འདས་ཟིན་པའི་ལོ་ལྔ་ནི། སི་ཁྲོན་བཅོས་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལས་དོན་གོམ་སྟབས་ཆེན་མོས་མདུན་དུ་བསྐྱོད་པའི་ལོ་ལྔ་ཡིན། བརྗིད་ཆགས་ཉམས་དང་ལྡན་པའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད། ཞིང་ཆེན་དམངས་ཆེན་གྱིས་ནན་ཏན་སྒོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་དབང་བསྒྲུབས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཀྱི་གཙོ་གནད་ལ་དམ་དུ་དམིགས་པ། དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེར་བཏང་བ། ཁྲིམས་འཛུགས་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་བཏང་བ། ཁྲིམས་ལུགས་ལྟ་སྐུལ་དང་ལས་ཀ་ལྟ་སྐུལ་ལ་ཤུགས་སྣོན་ནན་ཏན་བྱས་པ། མི་དམངས་འཐུས་མིའི་ནུས་པ་གང་ལེགས་བཏོན་པ་བཅས་ཀྱིས་སི་ཁྲོན་བཅོས་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཐེངས་འདིའི་ཚོགས་ཆེན་གྱིས་ང་རང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་འདུག །འདི་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་འཐུས་མི་ཡོངས་ཀྱིས་ང་ལ་ཡིད་ཆེས་པ་རེད། འགན་ཁུར་ཤིན་ཏུ་ལྕི་བ་དང་ལས་འགན་གཟི་བརྗིད་ཆེ་བར་སེམས་གཏིང་ནས་ཤེས་ཡོད། ངས་སྐབས་གསར་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཕྱོགས་གཅིག་ཏུ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལས་འགན་ནན་ཏན་གྱི་བསྒྲུབ་རྒྱུ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱ་རྒྱུ། རང་གི་ལས་འགན་ནན་གྱིས་བསྒྲུབ། ལས་ཀ་ལ་འབད་བརྩོན་བྱ། འབད་འབུངས་ཀྱིས་ཞིང་ཆེན་དམངས་ཆེན་གྱི་ལས་དོན་ཡག་པོ་བསྒྲུབ་ནས། ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཆུད་ཟོས་སུ་གཏན་ནས་མི་གཏང་།

        ཝང་ཞའོ་ཧུའེ་ཡིས་བསྟན་དོན། མིག་སྔའི་སི་ཁྲོན་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་འཁེལ་ཟིན་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་གྱི་རྒྱང་སྐྱོད་གསར་པར་གོམ་སྟབས་ཆེན་པོ་བསྐྱོད་དགོས། ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱིས་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པར་མ་ལག་ལྡན་པར་ཇུས་འགོད་བྱས་པ་དང་། “ཅན་བཞི་མཉམ་འགྲོས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཆུས་ལྔ་མཉམ་དར”གྱི་འཐབ་ཇུས་བཀོད་སྒྲིག་བྱས་ཤིང་། དེས་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པར་གསལ་ཐག་ཆོད་པར་བྱས་ཏེ། དམིགས་འབེན་གསར་པར་དཔུང་སྐྱོད་བྱེད་པའི་གདོང་མཆོང་དུང་བརྡ་བསྒྲགས་པ་རེད། ཐེངས་འདིའི་ཞིང་ཆེན་དམངས་ཆེན་གྲོས་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཞིང་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ནས་མ་འོངས་པའི་ལོ་ལྔ་དང་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་འོས་འགན་གཙོ་བོ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཕྱོགས་ཡོངས་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་དང་གཏིང་ཟབ་པའི་སྒོ་ནས་ཞིང་ཨུའི་འཐབ་ཇུས་ཀྱི་ཉམས་ཚོད་ལ་གོ་བ་ལོན་དགོས། ནན་ཏན་གྱིས་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཡང་དག་པར་སྤྱིའི་སྣེ་ཁྲིད་དང་སྤྱིའི་འོས་འགན། སྤྱིའི་རིགས་ལམ་བཅས་ཀྱི་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ཁོང་དུ་ཆུད་དགོས་པ་དང་། བསམ་བློ་གཅིག་གྱུར་དང་འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བྱས་ནས་འབད་པ་ཆེན་པོས་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་འགོ་བརྩམས་ཤིང་རྨང་གཞི་གདིང་དགོས་པ་དང་། ཧུར་བརྩོན་གྱིས་དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། སི་ཁྲོན་གྱི་ཁྱད་ཆོས་མངོན་པ། རྒྱལ་ཁབ་སྤྱི་ལ་ཞབས་ཞུ་བསྒྲུབ་པའི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་དགོས།

        ཝང་ཞའོ་ཧུའེ་ཡིས་བསྟན་དོན། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཤུགས་ཆེན་པོས“ཅན་བཞི་མཉམ་འགྲོས”ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཏེ། འཕེལ་རྒྱས་ཀྱི་བརྒྱུད་ལམ་ཡང་དག་པ་འཚོལ་བ་དང་ནང་ཤུགས་ཇེ་མཐོར་གཏོང་བ། འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་མཐོར་འདེགས་གཏོང་དགོས། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ“གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས”འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་བསྐྱར་བསྐྲུན་དང་སྐྱེ་ཁམས་འཕེལ་རྒྱས་ལེགས་སྒྱུར་བྱེད་པ། མགྱོགས་མྱུར་གྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཆགས་སུ་འཇུག་དགོས། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ“ཆུས་ལྔ་མཉམ་དར”འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཏེ། ཁུལ་ཡོངས་མཉམ་སྦྲེལ་ལ་ཤུགས་སྣོན་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དགེ་མཚན་ཡོད་པའི་ས་ཁུལ་སྔར་ལས་ལེགས་པར་འཕེལ་རྒྱས་ཕྱིན་པ་དང་། སྐྱེ་ཁམས་ཀྱི་བྱེད་ནུས་ལ་སྔར་ལས་ལེགས་པར་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་ཞན་པའི་ས་ཁུལ་མགྱོགས་མྱུར་གྱིས་རྗེས་ཆོད་པར་སྐུལ་འདེད་གཏོང་དགོས། “ཅན་བཞི་མཉམ་འགྲོས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཆུས་ལྔ་མཉམ་དར”གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་དེ་སི་ཁྲོན་དུ་བྱེ་བྲག་ཅན་དུ་བསྒྱུར་བ་དང་། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་འོས་འགན་ཡིན་པས་དོན་སྙིང་ཆེན་པོ་ལྡན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་འགན་སྲུང་དང་། “སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ཀྱིས་བསྒྲུབ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལངས་ཏེ། དོན་དངོས་དང་མཐུན་པར་ལས་ཀའི་འགོ་རྩོམ་ས་དང་ཤུགས་འདོན་ས་མ་ནོར་བར་དམིགས་ཤིང་། ཤུགས་ཆེན་པོས“ཅན་བཞི་མཉམ་འགྲོས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཆུས་ལྔ་མཉམ་དར”གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སི་ཁྲོན་གྱི་ས་གཞི་ཆེན་པོའི་སྟེང་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་འཇུག་དགོས། མཐུན་སྒྲིལ་གྱིས་འབད་བརྩོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་བྱེད་པ་དང་། སྐུལ་སྤེལ་ཐུབ་པའི་དགེ་མཚན་ལྡན་པའི་མཐུན་རྐྱེན་མཐའ་དག་ལ་སྐུལ་སྤེལ་བྱས་ཏེ་ཕྱོགས་སོ་སོའི་བརྩོན་སེམས་དང་རང་རྟོག །གསར་གཏོད་བཅས་ལ་སྐུལ་སློང་བྱེད་དགོས། སེམས་ཤུགས་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་ལ་ཕྱོགས་ནས་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་དོན་འཁྱོལ་བྱེད་པ་དང་། འོས་འགན་གཙོ་བོ་དམ་འཛིན་བྱས་ནས་དོན་འཁྱོལ་བྱེད་པ། དོན་དམ་གྱི་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ནས་དོན་འཁྱོལ་བྱེད་པ་དང་། “ཅན་བཞི་མཉམ་འགྲོས”ལ་ཐོལ་བརྒལ་གསར་པ་བྱུང་བ་དང་། “གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས”ལ་རྣམ་པ་གསར་པ་མངོན་པ། “ཆུས་ལྔ་མཉམ་དར”ལ་བཀོད་པ་གསར་པ་ཆགས་པར་སྐུལ་འདེད་བཏང་ནས་འབད་པ་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་ལེགས་པོར་བྲི་དགོས།

        ཝང་ཞའོ་ཧུའེ་ཡིས་བསྟན་དོན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་གནས་བབ་གསར་པ། ལས་འགན་གསར་པའི་མདུན་དུ། རིམ་པ་ཁག་གི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་སྐོར་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། དུས་རབས་གསར་པའི་སི་ཁྲོན་དམངས་ཆེན་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ནན་མོ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་དང་ལག་ལེན་ཤུགས་ཆེར་བཏང་ནས། སི་ཁྲོན་དམངས་ཆེན་གྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། རིམ་པ་ཁག་གི་དམངས་ཆེན་གྱི་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་དཔེ་བཟང་དང་རང་འགན་གཙང་སྒྲུབ་བྱས་ཏེ་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་ནན་མོ་བྱས་ནས། དུས་རབས་གསར་པའི་དམངས་ཆེན་གྱི་འཐུས་མིའི་རྣམ་པ་གསར་པ་དང་མངོན་ཐུབ་པར་བྱེད་དགོས། རིམ་པ་ཁག་གི་ཏང་ཨུས་དམངས་ཆེན་གྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱས་ཏེ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་སྤྱོད་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། “མི་དམངས་སྲིད་གཞུང་གཅིག་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཅིག །མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གཉིས”ཀྱིས་རང་འགུལ་ངང་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་། ཁྲིམས་ལྟར་གོ་རིམ་ཡོད་པའི་སྒོ་ནས་དམངས་ཆེན་ལ་ལས་དོན་སྙན་སེང་ཞུ་དགོས་ཤིང་། ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་ལྟར་ལྟ་སྐུལ། ཁྲིམས་འཛིན་དྲང་བཞག་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། 

        ཝང་ཞའོ་ཧུའེ་ཡིས་བསྟན་དོན། འདས་ཟིན་པའི་ལོ་ཟླར་འགྱོད་མེད་སྐྱེལ་མ་དང་མ་འོངས་འབྱུང་འགྱུར་ལ་རང་སེམས་རྣམ་དག་གིས་བསུ་མ་བྱེད་དགོས། འདས་ཟིན་པའི་གྲུབ་འབྲས་ནི་ཚང་མས་མཉམ་གཅིག་ཏུ་འཁུར་བ་དང་། མཉམ་གཅིག་ཏུ་སྒྲུབ་པ། མཉམ་གཅིག་ཏུ་བརྩོན་ལེན་བྱས་པ་བཅས་ཡིན་མོད། འོན་ཀྱང་དཀའ་ཁག་དང་འབད་བརྩོན། གྲུབ་འབྲས་དེ་དག་ལོ་རྒྱུས་སུ་གྱུར་ཟིན། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ད་དུང་དཀའ་ཁག་དེ་བས་ཆེ་བའི་ལས་འགན་དང་འགྲན་སློང་མང་པོ་ཞིག་གིས་ང་ཚོར་བསྒུག་ནས་ཡོད་པ་དང་། རླུང་འཚུབ་དང་རླབས་དྲག་གི་ཉམས་སད་ཆེན་པོ་ཐེབས་སྲིད་པས་ང་ཚོར་གཏན་ནས་ལྷོད་གཡེང་དང་ངལ་གསོ་བྱེད་པའི་བསམ་ཚུལ་ཡོད་མི་རུང་ཞིང་། “ངེས་པར་དུ་བྱ་དགོས་པ་གསུམ” ངེས་པར་དུ་བློ་ལ་བརྟན་པོར་བཅངས་ནས་ཐོག་མའི་སེམས་འདུན་དང་འགན་འཁྲི་བརྟན་སྲུང་བྱ་རྒྱུ། དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་པོ་དང་ཞུམ་མེད་འཐབ་རྩོད་ཀྱི་འབད་འཐབ་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་སི་ཁྲོན་གྱི་ལེའུ་ཡག་པོ་བྲིས་ནས་མཉམ་དུ་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་དགོས།

        ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད། 

        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། སི་ཁྲོན་དུ་བཅའ་སྡོད་བྱས་པའི་དམག་དཔུང་གི་འབྲེལ་ཡོད་འགོ་ཁྲིད། འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མི་སོགས་མཇུག་སྒྲིལ་ཚོགས་འདུར་ཞུགས། 

        ཚོགས་ཆེན་མཇུག་བསྒྲིལ་རྗེས། གསར་དུ་བདམས་པའི་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མིས་ཐུན་མོང་ཐོག་དམ་བཅའ་བཞག་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1