ཁ་བ་ཡོངས་སུ་གཡོགས་པའི་བྲག་དམར་ངོས།
དགུན་ཁ་སླེབས་རྗེས་ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་ནང་གི་མཁར་རྫོང་གི་དབྱིབས་དང་། མཁར་གྱང་གི་དབྱིབས། ཀ་བའི་དབྱིབས་སོགས་ཀྱི་བྲག་དམར་ས་གཤིས་ཁ་བས་ཡོངས་སུ་གཡོགས་ནས་རྔམ་བརྗིད་ལྡན་པར་མངོན་ཞིང་། རང་བྱུང་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་རེད།
ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁོངས་སུ་ཆགས་ཤིང་། མཚོ་སྔོན་གྱི་ཡུལ་སྐོར་འཕེལ་རྒྱས་རྣམ་པའི“ར་བ་གཅིག་ཁྱམས་རིང་གསུམ”ཁྲོད་ཀྱི“རྨ་ཆུ་ཡུལ་སྐོར་ཡུལ་ལྗོངས་ཁྱམས་རིང”ཁྲོད་ཀྱི་མཛེས་ལྗོངས་ཁུལ་གལ་ཆེན་ཞིག་ཡིན། །
ཐུན་མོང་མ་ཡིན་པའི་བྲག་དམར་དེ་ཁ་བས་གཡོགས་པ།
མཛེས་སྡུག་ཡོངས་སུ་མངོན་པའི་ཁམས་རའི་བྲག་དམར་གྱི་མཛེས་པ།
ཁམས་རའི་བྲག་དམར་དང་ཁ་བའི་མཛེས་ལྗོངས།
ཁམས་རའི་བྲག་དམར་ཡོངས་སུ་མཛེས་པ།
ཁ་བས་ཡོངས་སུ་བརྒྱན་པའི་བྲག་དམར་ངོས།
ཁ་བའི་ཁྲོད་ཀྱི་བྲག་དམར་དང་མཛེས་ལྗོངས།