ཆག་སྒོ་བྱུང་བའི་གནམ་གྲུའི་སྒམ་ཆུང་ནག་པོ་རྙེད་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-18


        ཚེས་16ཉིན་ནེ་པཱ་ལའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་དཔོན་རིགས་ཀྱིས། འཚོལ་སྐྱོབ་མི་སྣས་ཉིན་དེར་ནེ་པཱ་ལའི་དབུས་རྒྱུད་ཀྱི་པོ་ཁེ་ལྰ་ས་ཁུལ་གྱི་གནམ་གྲུ་ལྷུངས་ཡུལ་ནས་ཚེས་15ཉིན་སར་ལྷུངས་བའི་ནེ་པཱ་ལའི་འགྲུལ་སྐྱེལ་གནམ་གྲུ་ཡི་སྒམ་ཆུང་ནག་པོ་རྙེད་བྱུང་ཞེས་བཤད་པ་རེད།

        ནེ་པཱ་ལའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་མགྲིན་ཚབ་པ་ཅཱ་ཀན་ནཱ་ཐེ·ཉི་རུའུ་ལཱ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། འཚོལ་སྐྱོབ་ནང་ཞུགས་མཁན་དམག་མི་དང་ཉེན་རྟོག་པས་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་རྙེད་ཡོད་ཅིང་། ང་ཚོས་མགྱོགས་་མྱུར་ངང་དེ་ལེན་ཐུབ་ཅེས་བཤད།

        ཉི་རུའུ་ལཱ་ཡིས། གནམ་འཐིབས་པའི་རྐྱེན་གྱིས་རྒྱུན་ཆད་པའི་འཚོལ་སྐྱོབ་བྱ་སྤྱོད་དེ་ཉིན་ཞོགས་པར་སྔ་པོ་ནས་སླར་གསོ་ཐུབ་ཡོད་ཅེས་གསར་འགོད་པར་བཤད། ཕུང་པོ་ཁག་གཅིག་གཙང་པོའི་ནང་ལྷུངས་བར་དོགས་ཏེ་འབྲེལ་ཡོད་སྡེ་ཁག་གིས་ཆུར་འཛུལ་མི་སྣ་བཏང་ནས་འཚོལ་སྐྱོབ་ནང་ཞུགས་ཡོད་པ་རེད།

        ཚེས་15ཉིན་ནེ་པཱ་ལའི་གངས་མི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ནེ་པཱ་ལའི་དབུས་རྒྱུད་ཀྱི་པོ་ཁེ་ལྰ་ས་ཁུལ་གྱི་སའེ་ཏི་གཙང་པོའི་གྲོག་རོང་ཉེ་འགྲམ་དུ་ལྷུངས་བ་རེད། ཆག་སྒོ་བྱུང་བའི་དུས་གཏན་གནམ་གྲུར་འགྲུལ་པ་68དང་གནམ་གྲུའི་ཐོག་གི་ལས་དོན་མི་སྣ་4ཡོད་པའི་ནང་ཕྱི་རྒྱལ་བ་15ཚུད་ཡོད་པ་རེད། རོགས་སྐྱོབ་མི་སྣས་གནམ་གྲུའི་ཆག་སྒོ་བྱུང་ཡུལ་དུ་སྐུ་ཕུང་68རྙེད་པ་དང་གཞན་ཡང་མི་4གར་སོང་ཆ་མེད་དུ་གྱུར་ཡོད།

        དོན་རྐྱེན་ཐོན་རྗེས་ནེ་པཱ་ལ་སྲིད་གཞུང་གིས་མི་5ཡི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ནས། དོན་རྐྱེན་འབྱུང་རྐྱེན་ལ་བརྟག་དཔྱད་བྱས་པ་དང་འབྲེལ་ཚེས་16ཉིན་མོ་དེ་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར་གཏན་འཁེལ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1