འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐོག རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལི་ཅིན་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་344.82བཏང་ནས། བོགས་གཏོང་གཞུང་ཁང(བོགས་གླ་ཁེ་བའི་སྡོད་ཁང)ཁྲི་14.13བསྐྲུན་པ་དང་། སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་ཁྲི་21.86སྒྱུར་བཀོད་བྱས་པ། ལས་བྱེད་ལས་བཟོའི་ལས་ཤག་ཁྲི་6.22བསྐྲུན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་126སྒྱུར་བཀོད་བྱས་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་གྱི་དགེ་རྒན་སྡེ་ཁུལ།
མིག་སྔར། རང་ལྗོངས་ཀྱི་སྡོད་ཁང་འགན་ལེན་ས་ཁུལ་དང་གྲོང་ཁྱེར་དང་། རྫོང(ཆུས)ཤང་། གྲོང་རྡལ་བཅས་སུ་ཁྱབ་ནས། ལས་ཤག་དང་བོགས་གཏོང་གཞུང་ཁང(བོགས་གླ་ཁེ་བའི་སྡོད་ཁང)གཙོ་བོར་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་སྡོད་ཁང་འགན་ལེན་གྱི་མ་ལག་ཅིག་གྲུབ་པ་དང་། སྡོད་ཁང་བོགས་མར་གཏོང་བ་དང་བོགས་གཏོང་གི་ཁ་གསབ་སྤྲོད་པའི་མཉམ་སྤེལ་གྱི་བྱེད་ཐབས་སྤྱད་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་ཡོང་འབབ་ཉུང་བའི་མང་ཚོགས་ཀྱི་སྡོད་ཁང་གི་དཀའ་ངལ་འགན་ལེན་ཐུབ་ཚད་འགན་ལེན་བྱས་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཞོལ་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་གྲྭའི་ཨར་སྐྲུན་བྱ་ཡུལ།
2023ལོར། རང་ལྗོངས་ཀྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་21896(དུད་ཚང)ལག་བསྟར་བྱེད་རྩིས་ཡོད་པའི་ནང་། བོགས་གཏོང་གཞུང་ཁང་4516དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དུད་ཚང་17170 དེ་བཞིན་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་210བཅས་ཚུད་ཡོད་པ་རེད། ལི་ཅིན་ཀྲུང་གིས“ང་ཚོས་དམངས་ལ་ཕན་པ་དང་དམངས་སེམས་དྲོ་བའི་བྱེད་ཐབས་དེ་བས་མང་བར་བརྟེན་ནས། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་དང་བདེ་སྡོད་འགན་ལེན་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། མང་ཚོགས་ཚོའི་བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ཡིན”ཞེས་བཤད།