ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་27ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས། ལྗར་པན་ཕྱོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་བྱེད་པའི་བྱ་ཐབས་གསར་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཤུགས་རྐྱེན་ཐེབས་ངེས་ཡིན་པས། ཨུ་རུ་སུས་ཀྱང་རང་ངོས་ཀྱི་ཁེ་ཕན་ལ་དམིགས་ཏེ་ལྗར་པན་ལ་དམིགས་ནས་ངོ་རྒོལ་གྱི་བྱེད་ཐབས་འདོན་ངེས་རེད་ཅེས་བཤད་པ་རེད།