ཟླ་1པོའི་ཚེས་12ནས་13བར་དུ། རྔ་བ་རྫོང་གིས་ད་ལོའི་དགུན་དང་སང་ལོའི་དཔྱིད་ཀྱི་མང་ཚོགས་དྲིལ་སྒྲོག་སློབ་གསོ་དང་གཞི་རིམ་དུ་སྤེལ་བ་བཞིའི་བྱེད་སྒོ་རྔ་བ་གྲོང་གྲོང་རྡལ་དང་སྒོ་མང་གྲོང་རྡལ་དུ་བསྐྱོད་དེ། ས་གནས་དེ་གའི་མང་ཚོགས་ལ་སྒོ་ཁ་ནས་ངེས་པ་དོན་གྱི་སྲིད་ཇུས་བཟང་བོ་དང་ཞབས་ཞུ་ལེགས་པོ་བསྒྲུབས།
བྱེད་སྒོའི་ཡུལ་དངོས་སུ་བློ་འདྲི་ས་བཙུགས་ཡོད་པ་མ་ཟད། དྲིལ་སྒྲོག་ཡིག་ཆ་སོགས་བཤམས་ཡོད། རྫོང་ཨུའི་ཏང་གི་སློབ་གྲྭ་དང་རྫོང་ཁྲིམས་འཛིན་ཅུས་ཀྱི་ལས་བྱེད་མི་སྣས་བོད་རྒྱ་སྐད་གཉིས་ཀྱི་སྒོ་ནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན། དེ་མིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་སོགས་སྒྲོག་འགྲེལ་བྱས།
རྔ་བ་གྲོང་རྡལ་གྱི་མང་ཚོགས་བཀྲ་ཤིས་ཀྱིས་བཤད་རྒྱུར། དེ་རིང་སྐད་གཉིས་ཀྱི་སྒོ་ནས་སྲིད་ཇུས་མང་པོ་ཞིག་སྒྲོག་འགྲེལ་བྱས་སོང་། ང་ཚོ་ཚང་མས་གོ་རྒྱུ་རྐྱང་རྐྱང་ཡིན་པས་སེམས་ལ་དགའ་སྤྲོ་སྐྱེས་ཡོད་ཟེར། སྒོ་མང་གྲོང་རྡལ་ལེའུ་ཤོས་ཡན་གྱིས་བཤད་རྒྱུར། སྒྲོག་འགྲེལ་བྱེད་སྒོ་ཡིས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་བཏང་ཡོད་པ་མ་ཟད་ཁོ་ཚོའི་ཁོར་སྲུང་འདུ་ཤེས་ཀྱང་ཇེ་ཟབ་ཏུ་བཏང་ཡོད་ཟེར།
ཡུལ་དངོས་སུ་ལས་བྱེད་མི་སྣས་ནན་ཏན་གྱིས་མང་ཚོགས་ཀྱིས་བཏོན་པའི་དོགས་གཞི་དང་གནད་དོན་ལ་འགྲེལ་ལན་རྒྱག་བཞིན་ཡོད་པ་དང་། ཟས་རིགས་བདེ་འཇགས་དང་སྐྱེ་ཁམས་སྲུང་སྐྱོང་། ཞིང་འབྲོག་གི་ཚན་རྩལ་སོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ཡོད། ད་དུང་རྒྱུན་སྤྱོད་སྨན་རྫས་དང་དྲིལ་སྒྲོག་ཡིག་ཆ་སོགས་བཀྲམ།
རྫོང་བོད་སྨན་ཁང་གི་སྨན་གཡོག་པ་ལི་ཝེ་ཡིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་གཞི་རིམ་དུ་སྐྱེལ་བ་བཞིའི་བྱེད་སྒོའི་ཁྲོད། རྫོང་བོད་སྨན་ཁང་གི་སྨན་བཅོས་རུ་ཁག་གིས་རྒྱུན་མཐོང་གི་སྨན་རྫས་སྐོར་ཞིག་འཁྱེར་ཡོད། དཔེར་ན་རིམས་ནད་འགོག་བྱེད་ཀྱི་ཨ་མོ་ཞི་ལེན་དང་། དགུན་དང་དཔྱིད་ཀྱི་དུས་སུ་ཁོག་པ་བཤལ་སྐབས་བེད་སྤྱོད་བྱེད་རྒྱུའི་མེང་ཐུའོ་ཧྲི་སན། ནད་དུག་འགོག་བྱེད་ཀྱི་ལི་པ་ཝེ་ལིན་སོགས་ཡོད་ཟེར། ཁོ་མོར་ཐེངས་འདིའི་གཞི་རིམ་སྐྱེལ་བ་བཞིའི་བྱེད་སྒོ་སྤེལ་བ་བརྒྱུད་དེ་བདེ་སྲུང་ཤེས་བྱ་ས་གནས་མང་ཚོགས་ལ་བསྒྲགས་ཏེ་མང་ཚོགས་ཀྱི་འགྲམ་དུ་བདེ་ཐང་སྐྱེལ་རྒྱུའི་འདུན་པ་ཡོད་ཟེར།
འཁྲབ་སྟོན་ཀུང་སིའི་འཁྲབ་སྟོན་པ་རྣམས་ཀྱིས་གྲ་སྒྲིག་གང་ལེགས་བྱས་པའི་ལེ་ཚན་གྱིས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོ་ལ་ངོ་མཚར་མིག་གི་དགའ་སྟོན་ཞིག་ལ་རོལ་ཏུ་བཅུག་ཡོད། སྙན་འཇེབས་ཀྱི་གླུ་དབྱངས་དང་ལྡེམ་མྱུར་གྱི་སྟངས་སྟབས་ཀྱིས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲའི་ཁེངས། འཁྲབ་སྟོན་ཀུན་སིའི་ལས་སྒྲུབ་མི་སྣས་བཤད་རྒྱུར། གཞི་རིམ་ཏུ་སྐྱེལ་བ་བཞིའི་བྱེད་སྒོ་ནི་ཏང་གི་གསུངས་སྐད་ཁྱིམ་ཚང་ཁྲི་སྟོང་ལ་སྒྲོག་པ་དང་མཉམ་དུ་དགའ་སྤྲོ་ཡང་ཁོ་ཚོའི་འགྲམ་དུ་སྐྱེལ་རྒྱུ་དེ་ཡིན་ཟེར།
རྗེས་ཕྱོགས་རྔ་བ་རྫོང་གིས་མ་འོངས་པའི་ཟླ་གསུམ་ལྷག་གི་རིང་ལ་འབྲེལ་ཡོད་ལས་ཁུངས་ཀྱི་ཆེད་མཁས་པ་དང་རིག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ། ཡུལ་གྲོང་སོ་སོར་བསྐྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ཞིང་། རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཏེ་གཏམ་རྒྱུད་ཆུང་བའི་གནས་ལུགས་ཆེན་པོ་བརྗོད་པ་དང་། མང་ཚོགས་ཀྱི་སྐད་ཆས་འཕོ་འགྱུར་ཆེན་པོ་གླེང་བ། རང་དཔེ་གཞན་སྟོན། དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་སྟེ། མང་ཚོགས་ལ་དྲིལ་སྒྲོག་བྱེད་ལ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཇུག་མཐའི་སྤྱི་ལེ་གཅིག་ཤར་བགྲོད་བྱས་ཡོད་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན་ཐེངས་འདིའི་བྱེད་སྒོ་ནི་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་འཁྲིད་དང་ལས་ཁུངས་མང་པོས་མཉམ་འབྲེལ་གྱི་སྒོ་ནས་སྤེལ་བ་ཡིན། སྲིད་ཇུས་སྒྲོག་འགྲེལ་དང་ཁྲིམས་ལུགས་བློ་འདྲི། འགན་བབས་སྨན་བཅོས། རིག་གནས་ཞབས་ཞུ་སོགས་རུ་ཆུང་འགའ་བགོས་ཏེ། ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས། བཅའ་ཁྲིམས་ཤེས་བྱ། ཡ་རབས་སྤྱོད་བཟང་གི་བསམ་བློ་སོགས་དྲིལ་སྒྲོག་བྱས་ཏེ། མང་ཚོགས་ལ་རྣམ་དག་གི་ཞབས་ཞུ་དང་ལོ་སར་གྱི་ཤིས་ཚིག་ཕུལ། དྲིན་གཟོ་དང་ཁྲིམས་བརྩི། མཐུན་སྒྲིལ། ཡར་བརྩོན་གྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཡོད།