མེ་ཕུང་དམར་པོ་དགུང་ལ་མཆེད། མཚན་མོའི་སྨག་མུན་སེལ་བར་བྱས། མི་ཚོགས་འདུས་ནས་གླུ་གར་གྱིས་དཔྱིད་གསར་དུས་ཆེན་སྤྲོ་བས་རོལ།
སྤྱི་ཟླ་དང་པོའི་ཚེས་26ཉིན་ཏེ། དཔྱིད་གསར་དུས་ཆེན་གྱི་ཚེས་པ་ལྔ་ཉིན། ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་5.6ཅན་ཞིག་བྱུང་ཡོད་ནའང་། དགའ་འོས་པ་ཞིག་ལ་མི་ཤི་རྨས་བྱུང་མེད། འགྲིམ་འགྲུམ་དང་གློག་ཤུགས་སོགས་ལའང་འགན་སྲུང་ཡོད་པས། མང་ཚོགས་ཀྱི་འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་མེད།
ཉིན་དེའི་དགོང་མོར། ལྕགས་ཟམ་རྫོང་ལྕགས་ཟམ་ཐང་ཆེན་གྱི་ མེ་ཕུང་དགོང་ཚོགས་སྔར་བཞིན་སྤེལ་བ་དང་། བྱེད་སྒོའི་ཡུལ་དངོས་སུ་དུས་ཆེན་གྱི་དགའ་སྤྲོས་ཁེངས་ཡོད།